དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་སུ་དབུལ་པོ་ཐོན་ཚད་བརྒྱ་ཆའི་གྲངས་17ཙམ་དམའ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-07

    232045_yis_1449376442350.jpg

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་དུད་ཚང་དབུལ་པོ་ཁྲི་2.2ལ་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པའི་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.52བཏང་བར་བརྟེན་མང་ཚོགས་དབུལ་པོའི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་20%ནས་30%བར་ཆེ་རུ་ཕྱིན་ཞིང་།འདི་ནི་སྙན་རོང་རྫོང་སེ་ཆེན་ཤང་ཕག་གཡུ་གྲོང་ཚོའི་གྲལ་འགྲིག་ཅིང་ཁོར་ཡུག་གཙང་བའི་བདེ་སྡོད་ཁང་པ་ཡིན་པ།

    འདི་ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་བསྡུའི་ལོ་ཞིག་ཡིན་པ་རེད། གསར་འགོད་པས་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། 2015ལོར་རང་ལྗོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་མང་ཚོགས་དབུལ་པོའི་ཡོང་འབབ་འཕར་ཚད་དེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆ་སྙོམས་ཡོང་འབབ་ལས་བརྒྱ་ཆའི་གྲངས་3འཕར་བ་དང་མི་འབོར་དབུལ་པོ་ཁྲི་69ཡོད་པ་རེད། ལྗོངས་ཡོངས་ཀྱི་མང་ཚོགས་དབུལ་པོ་ཁྲི་41.42དབུལ་སྒྲོལ་བརྟན་པོ་བྱུང་བ་དང་དབུལ་པོ་ཐོན་ཚད་2010ལོའི་49.62%ནས་32.95%ཆག་ཡོད་ཅིང་། མི་འབོར་དབུལ་པོ་དང་དབུལ་པོ་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་སོང་ཡོད་པ་རེད།

    དབུལ་སྐྱོར་ཆེད་དོན་མ་འཇོག་བྱེད་ཚད་ཆེས་ཆེར་འཕར་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་74.2བཏང་བ་དང་། ད་ཆ་འཆར་འགོད་མ་འཇོག་གི་172%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།