དབུ་ཤོག>གསར་འགྱུར།
  • ​ “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆབ་མདོ་གྲོང་ཁྱེར་དུ་མི་གྲངས་ཁྲི་གཉིས་ལྷག་ཙམ་ལས་ཞུགས་གསར་འཕར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-06

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་ལས་དོན་གྱི་དོན་ཆེན་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། བྱ་ཐབས་གསར་གཏོད་བྱེད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་རིམ་བསགས་ཀྱིས་བརྩིས་ནས་ལས་ཞུགས་ལས་གནས་20449གསར་སྤེལ་བྱས་པས། གྲོང་རྡལ་གྱི་མི་གྲངས་20941ལས་ཞུགས་གསར་འཕར་བྱུང་བ་དང་། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་301གཉེར་ནས་མི་ཐེངས་37934གསོ་སྦྱོང་བྱས་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་མི་ཐེངས་ཁྲི་34.6ལས་ཞུགས་གཞན་སྒྱུར་བྱུང་ནས་ཡོང་འབབ་སྒོར་དུང་ཕྱུར་15འཕར་བ། མི་ཐེངས་20936ལ་ལས་རིགས་ངོ་སྤྲོད་བྱས་ནས་མི་གྲངས་9979ལས་ཞུགས་བྱུང་བ། ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མ་སྤྱིར་ན་ལས་ཞུགས་བྱུང་བ། “ལས་ཀ་མེད་པའི་ཁྱིམ་ཚང”སེལ་བ་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་བྱས་པ་བཅས་རེད།

    ཡོངས་བསྒྲགས་རྒྱུགས་བསྡུར་ཞུགས་རྒྱུར་སྐུལ་མ་བཏང་བ་དང་། ལས་ཞུགས་བོད་སྐྱོར། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་སྤྱད་ནས་ཆབ་མདོ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་4058ལས་ཞུགས་ཐག་གཅོད་བྱས་པས། ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་ད་ལོ་དང་དེ་སྔ་ཐོན་པའི་མཐོ་སློབ་སློབ་ཐོན་སློབ་མ་སྤྱིར་ན་ལས་ཞུགས་ཐུབ་ཡོད། “སློབ་རིམ་འཕར་རྒྱུར་སྐུལ་མ་གཏོང་བ་དང་དམག་མིར་ཞུགས་པ། ཁེ་ལས་ཀྱིས་བསྡུ་བ། ལས་ཞུགས་བོད་སྐྱོར། སོ་སོས་ལས་ཀ་འཚོལ་རྒྱུར་སྐུལ་མ་གཏོང་བ། སྤྱི་པའི་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པ”སོགས་ཀྱི་བྱ་ཐབས་སྤྱད་ནས་འབྲིང་རིམ་ལས་རིགས་འཛིན་གྲྭ་ནས་ཐོན་པའི་སློབ་ཐོན་སློབ་མ་1894ལས་ཞུགས་ཐག་གཅོད་བྱས་ནས་ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་ཐོན་སློབ་མ་སྤྱིར་ན་ལས་ཞུགས་བྱུང་ཡོད། ཉེན་རྟོག་ལས་རོགས་གདན་ཞུ་དང་། “དཔྱིད་རླུང་བྱ་སྤྱོད” སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག སོ་སོས་ལས་ཀ་འཚོལ་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་11993ལས་ཞུགས་ཐུབ་རྒྱུའི་རོགས་རམ་བྱས་ཡོད། ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་དང་། རྣམ་གྲངས་སྐུལ་ཁྲིད། སྲིད་ཇུས་རྒྱབ་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་ནས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་མི་ཐེངས་ཁྲི་34.6ལས་ཞུགས་གཞན་སྒྱུར་བྱུང་ནས་ཡོང་འབབ་སྒོར་དུང་ཕྱུར་15འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།