དབུ་ཤོག>གསར་འགྱུར།
  • སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་དུ་འབྲེལ་བའི་བདེ་ཐང་རྒན་གསོའི་ལས་དོན་སྤེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-06

    ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བརྒྱུད་འགྲེམས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ། 2020ལོར་སླེབས་སྐབས་སྨན་བཅོས་སྒྲིག་གཞི་ཚང་མས་རྒན་རྒོན་ལ་ཨང་ཀི་ལེན་པ་དང་ནད་བསྟེན་པ་སོགས་ལ་སྟབས་བདེ་སྐྲུན་དགོས་པ་དང་། རྒན་གསོའི་སྒྲིག་གཞི་ཡོད་དོ་ཅོག་གིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་སྨན་ཁང་དུ་སྡོད་མཁན་རྒན་རྒོན་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་བཏོན་ཡོད། ཀྲུང་གོའི་ན་རྒས་ཅན་གྱི་སྤྱི་ཚོགས་སླེབས་མགྱོགས་སུ་ཕྱིན་པར་བརྟེན། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་དུ་འབྲེལ་ནས་བདེ་ཐང་རྒན་གསོའི་ལས་དོན་སྤེལ་དགོས་པ་ལོས་ཡིན།

    སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་འབྲེལ་བྱ་རྒྱུ་དེ་ནི་རང་རྒྱལ་གྱིས་མི་འབོར་ན་རྒས་ཅན་དུ་འགྱུར་རྒྱུར་ཁ་གཏད་གཅོག་པའི་ཕུགས་ཀྱི་ཇུས་གཞི་ཞིག་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་གི་གལ་འགངས་ཆེ་བའི་དཔལ་འབྱོར་གྱི་འཕར་གནས་ཤིག་ཀྱང་ཡིན། དེར་བརྟེན་སྒྲིག་སྲོལ་ལམ་སྲོལ་ཧུར་ཐག་གཏོད་ནས་གསོག་ཚད་ཐོན་ཁུངས་སྤྱོད་པ་དང་འཕར་ཚད་ཐོན་ཁུངས་འདྲེན་པའི་ཐད་གཞོལ་དགོས། གསོག་ཚད་ཐོན་ཁུངས་སྤྱོད་པའི་ཐད། རྒན་གསོའི་སྒྲིག་གཞིས་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྡེ་ཁུལ་དང་ཁྱིམ་ཚང་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འཕར་ཚད་ཐོན་ཁུངས་འདྲེན་པའི་ཐད། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་འབྲེལ་གྱི་སྒྲིག་གཞི་འཛུགས་རྒྱུར་སྐུལ་ལྕག་ག་ཏོང་བ་དང་འབྲེལ། ཚད་གཞི་དང་མཐུན་པའི་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་འབྲེལ་གྱི་རྒན་གསོའི་སྒྲིག་གཞི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གནས་གཏན་འཁེལ་གྱི་ཁྱབ་ཁོངས་ནང་འཇོག་དགོས། དེ་ལྟར་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ཚེ། གཞི་ནས་རྒན་གསོའི་ཐོན་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཐུབ་པ་མ་ཟད། བདེ་ཐང་རྒན་གསོའི་ཞབས་ཞུ་རྒན་རྒོན་ཚང་མར་ཁྱབ་ཐུབ།

    འགྲན་སློང་དང་གོ་སྐབས་མཉམ་དུ་གནས། ཁྲོམ་རའི་ཤོང་རྒྱ་ཆེ་བ་དང་མདུན་ལམ་ཡངས་པར་བརྟེན་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཟུང་འབྲེལ་གྱི་ལས་དོན་དེ“མཉམ་འབྲེལ་དྲ་རྒྱའི”ཐོན་ལས་གཞན་ཞིག་ཏུ་འགྱུར་བཟོ་ཡོད་ལ། ཐ་ན་སྤྱི་ཚོགས་ཀྱི་མ་རྩ་འཇོག་པའི་ཚ་རླབས་སུ་ཡང་འགྱུར་སྲིད། དེར་བརྟེན་སྲིད་ཇུས་ཀྱི་འཇུར་མིག་མེད་པ་བཟོ་བ་དང་ཆབས་ཅིག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒན་གསོའི་སྒྲིག་གཞི་དེ“ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་སར”གྱུར་ནས་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གཡོ་ལེན་བྱ་རྒྱུ་འགོག་པ་དང་། སྨན་བཅོས་ཀྱི་རྩོད་གཞི་དང་རྒན་གསོའི་རྙོག་དྲ་གསར་དུ་བཙུགས་པའི་སྒྲིག་གཞིའི་ནང་ཐོན་རྒྱུ་འགོག་པ། ཁྲོམ་རར་མགོ་མེད་ཟང་ཟིང་གི་གནས་ཚུལ་ཐོན་རྒྱུ་འགོག་པ་བཅས་བྱས་ཏེ་རྒན་གསོའི་ལས་རིགས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་དང་མི་དམངས་མང་ཚོགས་དེ་བས་བློ་ཡིད་ཚིམ་པའི་རིམ་མང་སྣ་མང་གི་བདེ་ཐང་རྒན་གསོའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།