དབུ་ཤོག>གསར་འགྱུར།
  • ཁ་ས་ནས་དམངས་ཕན་ཚགས་ཤ་ཏུན་100ཁྲོམ་རར་འདོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-04

    2016ལོའི་བོད་ཀྱི་ལོ་གསར་གྱི་དམངས་ཕན་ཚགས་ཤ་ཐད་ཚོང་བྱེད་སྒོ་ཟླ་12ཚེས་3ཉིན་སྤེལ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་རྫས་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་ཀན་སུའུ་ནས་འཐེན་པའི་དམངས་ཕན་ཚགས་ཤ་ཏུན་100ལྷ་སའི་ཁྲོམ་རར་འདོན་འགོ་ཚུགས་ནས་རང་ལྗོངས་ཀྱི་ཚགས་ཤའི་ཁྲོམ་རའི་རིན་གོང་ནུས་ལྡན་ངང་དོ་སྙོམས་དང་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང་གྲོང་མིའི་ཚགས་ཤའི་དགོས་མཁོ་འགན་ལེན་བྱ་རྒྱུ་རེད།

    ཚོད་དཔག་བྱས་ན་བོད་ཀྱི་ལོ་གསར་གྱི་གོང་དུ་རང་ལྗོངས་ཀྱིས་ལྷ་སའི་ཁྲོམ་རར་ཚགས་ཤ་ཏུན་300འདོན་རྒྱུ་རེད། གྲོང་མིས་དངོས་ཕན་དང་སྟབས་བདེ་ལོངས་སྤྱོད་ཐུབ་ཆེད། ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་རྫས་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིའི་དམངས་ཕན་ཚགས་ཤ་ཕྱིར་ཚོང་འགན་འཁུར་ཕྱོགས་ཀྱིས་ད་དུང་གྲོང་ཁུལ་དུ་ཕྱིར་ཚོང་ས་ཚིགས་གསུམ་བཙུགས་ཡོད་པ་སྟེ། གླིང་སྐོར་ལམ་ལྗོངས་གནམ་གཤིས་ཅུས་ཀྱི་འགྲམ་དང་། གཙང་བྲན་ལམ་ཧྲུའུ་ཡོན་ཁུལ་ཆུང་། གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་བཅས་ཡིན་པ་དང་ས་ཚིགས་གསུམ་པོར་དམངས་ཕན་ཚགས་ཤ་ཏུན་100འདོན་རྒྱུ་ཡིན་པ་དང་རིན་གོང་རྒྱ་མ་རེར་སྒོར་23.5རེད།

    རྒྱ་ཆེའི་གྲོང་མིར་སྟབས་བདེ་ཡོང་ཆེད་རྒྱ་མ་200ཡན་ཉོ་མཁན་གྲོང་མིས་ཁ་པར་18109499882བརྒྱབ་ཚེ་སྒོ་འགྲམ་དུ་སྐྱེལ་གྱི་ཡོད་ཅེས་གདོང་དཀར་ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཕྱིར་ཚོང་ས་ཚིགས་ཀྱི་འགན་འཁུར་བས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།