དབུ་ཤོག>གསར་འགྱུར།
  • ​ “མཉམ་དྲུག་བྱེད་སྒོས”མི་སེམས་གཅིག་ཏུ་བསྒྲིལ་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཡེ་ཤེས་རྒྱ་མཚོ།   |     སྤེལ་དུས།  2015-12-04

    དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་བོད་ཀྱི་དམིགས་བསལ་ལྗོངས་བབ་དང་། དམངས་ཀྱི་གནས་ཚུལ། སྤྱི་ཚོགས་ཀྱི་གནས་ཚུལ་བཅས་སྟངས་འཛིན་གཏིང་ཟབ་བྱས་ཏེ། དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་དུ་འབྲེལ་ནས་2014ལོའི་ཟླ་གསུམ་པ་ནས་བཟུང་ལྗོངས་ཡོངས་སུ“མཉམ་དུ་ཏང་གི་དྲིན་ཚོར་ནས་ཏང་གི་རྗེས་སུ་འབྲང་རྒྱུ་དང་། མཉམ་དུ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ། མཉམ་དུ་ཤེས་དཔལ་བཏོད་ནས་སྲོལ་གསར་འཛུགས་རྒྱུ། མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་ནས་དམངས་འཚོར་ཕན་པ་བསྐྲུན་རྒྱུ། མཉམ་དུ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་རྩ་བ་བརྟན་དུ་གཏོང་རྒྱུ། མཉམ་དུ་དུས་བདེ་གཏོད་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ནང་དོན་གཙོ་བོར་བཟུང་བའི་བརྟན་ལྷིང་སྲུང་སྐྱོང་གི་མང་ཚོགས་ལས་དོན་གྱི“མཉམ་དྲུག”བྱེད་སྒོ་སྤེལ་བར་བརྟེན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་‘དེ་བཞིན་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་ཨུད་ཀྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་བཅས་ཀྱི་གདེང་འཇོག་གང་ལེགས་ཐོབ་པ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཐོབ་ཡོད།

    དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི“མཉམ་དྲུག་བྱེད་སྒོར”དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དེ་ཐོག་ནས་ང་ཚོར་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དེ་དམངས་སེམས་ཀྱི་རེ་སྒུག་དང་། དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱས་པ་དེ་དམངས་སེམས་ཀྱི་གཏད་ཕྱོགས། བོད་སྐྲུན་བོད་བརྟན་བོད་དར་བཅས་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཡོང་རྒྱུ་དེ་དམངས་སེམས་ལ་ཐུག་པ་བཅས་བསྟན་ཡོད། བོད་རིགས་ཀྱིས་མི་འབོར་གྱི་90%ཡན་བཟུང་བའི་བོད་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་བོད་ཀྱི་ལས་དོན་གྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་གསར་པ་བྱུང་བ་དེས་ང་ཚོས་ཡིན་མིན་གསལ་འབྱེད་ཀྱི་ལངས་ཕྱོགས་ཐད་དེ་བས་རིགས་པ་དྭངས་གསལ་ཡོང་བ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཐད་དེ་བས་བློ་རྩ་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་ཐད་དེ་བས་ལྷག་བསམ་བཅས་བྱེད་དགོས་པ་དང་མི་སེམས་སྒྲིལ་ཤུགས་དང་མཐའ་སྐྱོང་བོད་བརྟན་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ལ། ང་ཚོས་རྒྱུན་ཆད་མེད་པར་ལས་ཀའི་བྱེད་ཐབས་བཟང་སྒྲིག་བྱས་ཏེ་མི་སེམས་གཅིག་སྒྲིལ་གྱི་ལས་དོན་ཕྱོགས་ཡོངས་དང་གཏིང་ཟབ་ངང་བསྒྲུབས་པ་དང་རྩ་བཅོས་ལས་དོན་ཏན་ཏིག་ཞིབ་ཕྲ་བསྒྲུབས་དགོས་པ་དང་། འཁུར་ཕོད་པའི་སྙིང་སྟོབས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་སྐབས་རྙོག་འཛིང་ཆེ་བའི་གནད་དོན་ལ་ཐུག་ཕོད་པ་དང་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་བོད་ཀྱི་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བསམ་བློ་གང་ལེགས་བཏང་སྟེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་མི་སེམས་དེ་བས་གཅིག་ཏུ་སྒྲིལ་ཐུབ་པ་བྱས་ཐོག མི་རིགས་མཐུན་སྒྲིལ་དང་། དམག་དམངས་མཐུན་སྒྲིལ། ཉེན་རྟོག་པ་དང་མི་དམངས་ཀྱི་མཐུན་སྒྲིལ་བཅས་ཀྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་ཐུབ་པ་དང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ཁམས་བཟང་གི་རྣམ་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།