དབུ་ཤོག>གསར་འགྱུར།
  • ​ ཟངས་རི་རྫོང་གི་རིག་གནས་དམངས་ཕན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-04

    ད་ལོ་ནས་བཟུང་ཟངས་རི་རྫོང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱི་པའི་རིག་གནས་ཞབས་ཞུ་ཆེ་རུ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལག་བསྟར་བཅས་བྱས་ནས་གཞི་རིམ་གྱི་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་ལ་སྐུལ་སྤེལ་ཟམ་མི་ཆད་པར་བཏང་སྟེ་ཞིང་འབྲོག་པར་རིག་གནས་དམངས་ཕན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།

    རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཅིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་པུའུ་ཨུད་དྲུག་གི《ས་གནས་རྫོང་རིམ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རིག་གནས་དྲིལ་བསྒྲགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་རང་སྐྱོང་ལྗོངས་དང་ས་ཁུལ་གྱི་ལག་བསྟར་བསམ་འཆར་ལག་བསྟར་ནན་ཏན་བྱས་ནས་གཞི་རིམ་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་ལམ་སྲོལ་དང་། སྒྲིག་ཁོངས། མི་སྣ་བཅས་གཏན་འབེབས་ལྟར་དོན་འཁྱོལ་བྱས་ཡོད། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་གཏོང་གི་ལས་ཀའི་སྟོན་ཕྱོགས་གཏན་ཁེལ་བྱས་ནས་རྫོང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་ཁག་གིས་ལས་བགོས་མཉམ་སྒྲུབ། སྤྱི་ཚོགས་ཡོངས་མཉམ་ཞུགས་བཅས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་ཆགས་པ་རེད།

    མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། ཏང་གི་ཞིང་དར་ཞིང་ཕན་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་དེ་བཞིན་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་དཔེ་མཚོན་ཉམས་མྱོང་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ཞིང་འབྲོག་པ་གཙོ་བོར་བྱས་ནས་སྒྲོག་འགྲེལ་དཔུང་ཁག་བསྐྲུན་ཡོད། རྫོང་དེ་ཡོངས་ཀྱི་གྲོང་ཚོ(ཡུལ་མི)དང་དགོན་སྡེ་ཡོངས་སུ་བོད་གསར་རྙིང་བསྡུར་བའི་འགྲེམས་ཁང་60བསྐྲུན་པ་དང་། སློབ་གྲྭར་བོད་གསར་རྙིང་བསྡུར་བའི་འགེལ་རིས་དང་འོད་སྡེར་914སྤྲད་ཡོད་པ་རེད།

    སྤྱི་པའི་རིག་གནས་ཞབས་ཞུ་རྒྱ་ཆེར་བཏང་ཞིང་། རྫོང་དུ་ལེ་ལག་ཚང་བའི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་བསྐྲུན་པ་དང་། ཤང་གྲོང་དུ་ཕྱོགས་བསྡུས་རིག་གནས་ས་ཚིགས་བསྐྲུན་པ། གྲོང་ཚོ་ཡུལ་མི(དགོན་སྡེ)རུ་ཞིང་ཁྱིམ(དགོན་སྡེ)དེབ་ཁང་བསྐྲུན་པ། སྤྱི་པའི་རིག་གནས་སྒྲིག་བཀོད་ཡོངས་རིན་མེད་ངང་སྒོ་མོ་དབྱེ་བ་བཅས་བྱས་ཤིང་། རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་97.87%དང་93.52%ཟིན་ཡོད།

    ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལག་བསྟར་བྱས་ཤིང་། སྤྱིར་ན་དྲིལ་བསྒྲགས་སྡེ་ཚན་དང་། རིག་གནས། རླུང་འཕྲིན། གསར་འགྱུར་དཔེ་སྐྲུན་བཅས་སྡེ་ཚན་གྱི་མི་སྣ་བཀོད་སྒྲིག་འཐུས་ཚང་བྱུང་བ་དང་། ཤང་གྲོང་ཁག་ཏུ་དྲིལ་བསྒྲགས་ཨུ་ཡོན་1དང་དྲིལ་བསྒྲགས་ལས་མི་1ནས་2བཀོད་སྒྲིག་བྱས་ཡོད། རྫོང་ཕྱོགས་བསྡུས་རིག་གནས་ལྟེ་གནས་དང་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་སུ་ཆེད་འགན་འཁུར་མཁན་15བཀོད་སྒྲིག་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱུང་བ་དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་1དང་གྲོང་གསེབ་ཀྱི་གློག་བརྙན་སྟོན་མཁན་རུ་ཁག་1བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།