དབུ་ཤོག>གསར་འགྱུར།
  • བཀྲ་བཟང་དང་ཕང་ཅུན་པང་གཉིས་མི་ཚེའི་ཤུལ་ལམ་རིང་མོའི་སྟེང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-04

    ཁྱིམ་ཚང་དེ་ནི་བོད་རིགས་ཀྱི་གཞོན་ནུ་མ་ཞིག་དང་རྒྱ་རིགས་ཀྱི་ཕོ་གསར་ཞིག་གཉེན་སྒྲིག་བྱས་པ་ཞིག་ཡིན་ལ་ངོ་མཚར་གཏམ་རྒྱུད་མེད་མོད། འོན་ཀྱང་ནང་མི་ཚང་མ་བློ་བདེ་བག་ཕེབས་ངང་བདེ་སྐྱིད་འཚོ་བར་རོལ་བཞིན་འདུག

    དེའང་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་དུ་ཤིང་འབྲས་འཚོང་མཁན“མཐུན་སྒྲིལ་བཟའ་ཚོ”བཀྲ་བཟང་དང་ཕང་ཅུན་པང་གི་སྐོར་གླེང་མ་ཐག་ངོ་མི་ཤེས་མཁན་གཅིག་ཀྱང་མེད། གང་ཡིན་ཟེར་ན། བཀྲ་བཟང་དང་ཕང་ཅུན་པང་ཀླུ་སྒུག་སྡེ་ཁུལ་དུ་ཚོང་བརྒྱབ་ནས་ལོ་15སོང་བས་གྲོང་མི་རྙིང་པ་ཞིག་ཡིན་པས་སོ།

    བཀྲ་བཟང་དང་ཕང་ཅུན་པང་གི་སྐོར་གླེང་དགོས་ན། དེའང་1997ལོ་ནས་བརྗོད་དགོས། སྐབས་དེ་དུས་ཕོ་གཞོན་ཕང་ཅུན་པང་གིས་གཉེན་ཉེ་དང་གྲོགས་པོའི་རོགས་རམ་འོག་ཕ་ཡུལ་ཨན་ཧུའེ་ནས་ལྷ་སར་ཤིང་འབྲས་ཀྱི་ཚོང་རྒྱག་པར་ཡོང་། དེ་ཡང་ཉིན་ཞིག་སྟེས་དབང་གི་གོ་སྐབས་ཤིག་ཕྲད་ནས། གཞོན་ནུ་མ་བཀྲ་བཟང་ལ་རྒྱ་རིགས་ཕོ་གཞོན་དེ་ཐུག ཁོང་གཉིས་པོ་གླེང་མོལ་བྱེད་སྐབས། མཐུན་པའི་ཆ་མང་པོ་ལྡན་པས། ཕན་ཚུན་དབར་བབ་ཆགས་བཟང་པོ་བཞག བཀྲ་བཟང་ལས་ཀ་འཚོལ་གིན་ཡོད་པ་ཕང་ཅུན་པང་གིས་ཐོས་རྗེས། ཀླུ་སྒུག་སྡེ་ཁུལ་དུ་ཤིང་འབྲས་འཚོང་བཞིན་པའི་ཁོང་གིས་བུ་མོ་དེ་ལས་མིར་བསྡུ་དྲན་ནས་བཀྲ་བཟང་རང་ཉིད་དང་མཉམ་དུ་ཤིང་འབྲས་ཀྱི་ཚོང་རྒྱག་པར་ཡོང་རྒྱུའི་རེ་བ་བཏོན།

    ཕན་ཚུན་ངོ་ཤེས་ནས་ལོ་གཅིག་སོང་རྗེས། བཀྲ་བཟང་གིས་རྒྱ་རིགས་ཕོ་གཞོན་དེ་ཀུན་སྤྱོད་བཟང་པོ་ཡོད་པའི་ཐོག་སྙིང་རུས་ཆེ་ལ་དཀའ་ལས་ཀྱང་རྒྱག་ཐུབ་མཁན་ཞིག་ཡིན་པ་ཤེས་པས། ཕང་ཅུན་པང་དང་གཉེན་སྒྲིག་བྱས། གཉེན་སྒྲིག་བྱས་རྗེས་བཀྲ་བཟང་ལ་བུ་གཉིས་བཙས་ཤིང་། ནང་མི་མང་དུ་ཕྱིན་པ་དང་སྦྲགས། ཁོང་གཉིས་ཀྱི་ཧུར་སེམས་ཀྱང་དེ་བས་ཆེ་རུ་ཕྱིན།

    ལོ་འགའ་ཁྲོམ་དུ་ཤིང་འབྲས་བཏོན་རྗེས་ཁོང་གཉིས་པོར་བསགས་དངུལ་ཏོག་ཙམ་བྱུང་། དེ་ནས་ཚོང་ཁང་ཞིག་གླས་ནས་མུ་མཐུད་ཤིང་འབྲས་བཙོངས་པ་དང་། ཤིང་འབྲས་ཀྱི་སྣ་ཁ་ཡང་མང་དུ་བཏང་བས་ཚོང་དེ་བས་བྲིན་ཁ་རྒྱུག་པོ་བྱུང་། གསར་འགོད་པས་ཀླུ་སྒུག་སྡེ་ཁུལ་གྱི་སྲང་ལམ་དུ་ཤིང་འབྲས་འཚོང་མཁན་གྱི་ཚོང་ཁང་ཁ་ཤས་ཡོད་པ་མཐོང་མོད། འོན་ཀྱང་བཀྲ་བཟང་ཁོང་ཚོའི་ཁྱིམ་གྱི་ཚོང་ཡག་ཤོས་ཡིན་པ་ཤེས་རྟོགས་བྱུང་།

    སྡེ་ཁུལ་དུ་བཀྲ་བཟང་དང་ཕང་ཅུན་པང་བཟའ་ཚོ་དང་གྲོང་མིའི་དབར་འཆམ་པོ་ཡོད་པ་མ་ཟད། ཁོང་གཉིས་པོས་རྟག་ཏུ་སྡེ་ཁུལ་གྱི་རོགས་པ་བྱེད་དགོས་མཁན་ལ་རོགས་རམ་བྱེད་ཀྱི་ཡོད། གསར་འགོད་པས་ཁོང་གཉིས་ཀྱི་ཤིང་འབྲས་ཚོང་ཁང་ནང་ནས་ཁོང་གཉིས་ཀྱིས་སེམས་རྩ་འཁོལ་པོས་མི་གཞན་ལ་ཅ་ལག་གཡར་བ་དང་། འགྱིག་ཕད་སྟེར་བ། ལམ་སྟོན་པ་བཅས་བྱེད་པ་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།