དབུ་ཤོག>གསར་འགྱུར།
  • ས་འཛམ་གླིང་ཡང་རྩེའི་གཙུག་ཏོར་ནས་། ཞིང་འབྲོག་ལས་དར་བའི་གཏམ་བཟང་གྲགས་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-02

    ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་ལས་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་སྒྲིག་བཀོད་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་དང་པོའི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། ནུབ་རྒྱུད་ཀྱི་རྫོང་བཞི་རུ་སྣོད་བཅུད་ཞིང་ལས་དཔེ་སྟོན་ཁུལ་དང་དགུན་སའི་དེང་རབས་འབྲོག་ལས་གསོ་ཚགས་རྟེན་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སྦྲགས་རྫོང་གཞན་དག་ལ་སྔོན་ཐོན་ཉམས་མྱོང་ཁྱབ་གདལ་བཏང་ནས། ས་ཁུལ་ཡོངས་ཀྱི་རྫོང་7ཚང་མར་སྒྲིག་བཀོད་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཐོན་ལས་དང་པོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན་མིག་སྔར་སྒར་རྗོང་དགུན་ས་ཤང་གི་བཞོན་མ་གསོ་ཚགས་རྟེན་གཞིར་གསོ་ཚགས་དང་ལས་སྣོན་ཐོན་སྐྱེད་འབྲེལ་ཐག་རྩ་བའི་ཆ་ནས་ཆགས་པ་དང་། བཞོན་མ་460གསོ་ཚགས་བྱས་ཡོད་ཅིང་། དེའི་ནང་འོ་མ་འཇོ་རྒྱུ་ཡོད་པའི་བཞོན་མ280ཡོད་པ་དང་། ཉིན་རེར་འོ་མ་སོས་པ་རྒྱ་མ6300དང་། ཞོ་རྒྱ་མ4400 མར་རྒྱ་མ315བཅས་ཐོན་གྱི་ཡོད་པ་རེད། ད་དུང་ལོ་སྨད་དུ་རྒྱུད་བཟང་བཞོན་མ་100ནང་འདྲེན་བྱེད་རྩིས་ཡོད་པ་དང་སྦྲགས་སྒར་གྲོང་གསར་ཁང་ཏའོ་ཆེད་ལས་མཉམ་ལས་ཁང་གིས་དཀར་ཆུར་ལས་སྣོན་བྱ་རྒྱུ་ཡིནཔས། དཀར་ཆུའི་ཐོན་རྫས་ཁོ་ན་ལས་དུད་ཚང་ལ་ལོར་ཆ་སྙོམས་འབབ་འཕར་སྒོར8000ཙམ་ཡོང་རྒྱུ་ཡིན་པ་རེད།

    སྤུ་ཧྲེང་རྫོང་གིས“ཀུང་སི་དང་ཆེད་ལས་མཉམ་ལས་རྩ་འཛུགས། ཞིང་དུད་བཅས་མཉམ་ལས་བྱས”ནས་སྣོད་བཅུད་ཞིང་འབྲོག་དཔེ་སྟོན་ཁུལ་གྱི་དོ་དམ་ཚད་ལྡན་ཡོང་བ་བྱས་ཏེ་གླིང་ཁུལ་གྱི་ཕན་འབྲས་ཆེ་བའི་དྲོད་ཁང140ཁྲོད་ནས35ཆེད་ལས་མཉམ་ལས་རྩ་འཛུགས་སུ་གཉེར་སྐྱོང་དང་གཡོག་བྱེད་བྱེད་རྒྱུར་སྤྲད་དེ་ས་གནས་དེ་གའི་ཞིང་འབྲོག་དུད་ཚང་ལ་ལོར་ཆ་སྙོམས་འབབ་འཕར་སྒོར8000ཡོང་བའི་སྐུལ་ཁྲིད་བྱས་པ་དང་། དུད་ཚང་ཚང་མས་ས་ཞིང་ནང་བཤུག་བྱས་པ་བརྒྱུད། ད་དུང་འབབ་འཕར་སྒོར་ཁྲི2.35ཡོང་རྒྱུ་ཡིན་པ་རེད། གླིང་ཁུལ་དུ་ལས་ཀ་བྱེད་མཁན་གྱི་ལས་བཟོར་ལོ་སྟོད་དུ་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1བྱུང་བ་དང་། སྤུ་ཧྲེང་གྲོང་རྡལ་སྐྱིད་ཐང་གྲོང་ལྷན་གྱི་ཡུལ་མི་དུད་ཚང19ཡིས་ས་ཞིང་མ་རྐང་དུ་བཞག་ནས་ཁེ་བཟང་བགོ་བའི་ཐོག་ནས་རྫོང་གི་སྒྲིག་བཀོད་ཞིང་ལས་ཐོན་ལས་ཅན་གཉེར་སྐྱོང་ནང་ཞུགས་པ་རེད།

    རྩྭ་མདའ་རྫོང་གིས“ཆེད་ལས་མཉམ་ལས་རྩ་འཛུགས་དང་ཞིང་དུད་མཉམ་ལས་བྱེད་པའི”རྣམ་པའི་ཐོག་ནས་སྣོད་བཅུད་ཞིང་ལས་དཔེ་སྟོན་ཁུལ་དོ་དམ་དང་གཉེར་སྐྱོང་བྱས་པར་བརྟེན། ས་གནས་དེ་གའི་ཚལ་འདེབས་འཇོན་ཐང་ཅན་གྱི་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་པ་རེད།

    རུ་ཐོག་རྫོང་གིས་སྣོད་བཅུད་ཞིང་ལས་དཔེ་སྟོན་ཁུལ་གཉེར་སྐྱོང་དང་དོ་དམ་བྱེད་སྟངས་ལེགས་སུ་ཧུར་ཐག་བཏང་ནས་ཞིང་འབྲོག་མང་ཚོགས་གཉེར་སྐྱོང་གི་ཁེ་ཕན་ཐོབ་མཁན་གཙོ་བོ་ཡིན་པའི་དོ་དམ་གྱི་རྣམ་པ་ཞིག་འཚོལ་ཞིབ་བྱས་ཤིང་། མིག་སྔར་ས་ཁུལ་ཞིང་འབྲོག་ཅུས་ཀྱིས་རྩྭ་མདའ་རྫོང་དང་རུ་ཐོག་རྫོང་གཉིས་སུ་ལྷས་རར་བ་གླང་དང་བོད་ཕག་གསོ་ཚགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་རེད།

    སྒེར་རྩེ་རྫོང་གིས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་དང་མཚོ་གཉིས་རྗོང་སོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཡག་པོ་དཔྱད་གཞིར་འཛིན་ཏེ་འོ་མ་ཤང་འཆམ་གུག་གྲོང་ཚོར་འབྲོག་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཚོད་ལྟ་བྱ་རྒྱུ་དང་། རྒོད་མོ་ཤང་གྲུ་དམར་རི་གྲོང་ཚོ་དེ་དུད་སྦྲེལ་ཕྱུགས་འཚོའི་ཚོད་ལྟ་ཁུལ་དུ་བསྒྱུར་རྒྱུ་གཏན་འཁེལ་བྱས་པས། ངལ་རྩོལ་ནུས་ཤུགས་གཅིག་འགྱུར་བཀོད་སྒྲིག་དང་རྩྭ་རར་གཅིག་གྱུར་དོ་དམ། ཕྱུགས་ལས་ཐོན་རྫས་གཅིག་གྱུར་ཉོ་ཚོང་བྱེད་པ། གཉེར་སྐྱོང་གི་ཡོང་འབབ་གཅིག་གྱུར་བགོ་བཤའ་རྒྱག་པ། ངལ་རྩོལ་ནུས་ཤུགས་མེད་པ་དང་མི་ཧྲེང་རྒན་རྒོན་ཚོར་གཅིག་གྱུར་ཐོག་བསྙེན་བཀུར་བཅས་བྱེད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།