དབུ་ཤོག>གསར་འགྱུར།
  • ལྷ་སས་མ་དངུལ་ལྡབ་འཕར་བཏང་ནས་དམངས་འཚོའི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-02

    དགུན་ཁ་ཤར་བ་དང་སྦྲགས་བོད་ལྗོངས་ལྷ་སར་གནམ་གཤིས་གྲང་དུ་སོང་མོད། འོན་ཀྱང་ལྷ་ས་གྲོང་ཁྱེར་བསྟན་རྒྱས་གླིང་སྲང་ལམ་དུ་སྡོད་མཁན་མི་ཧྲེང་རྒན་རྒོན་ཟླ་བ་བཀྲ་ཤིས་ཀྱི་སེམས་པ་དྲོ་སྐྱིད་ཁེངས། “ང་ལ་ཕྲུ་གུ་མེད། འོན་ཀྱང་རྒན་གསོའི་ཁ་གསབ་དང་དུས་ཆེན་གྱི་ཁ་གསབ་ང་ལ་ཐེངས་གཅིག་ཀྱང་ཆད་མྱོང་མེད་པས་འཚོ་བའང་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་ཡོད”ཅེས་ཟླ་བ་བཀྲ་ཤིས་ཀྱིས་བཤད།

    ཚེས་27ཉིན་གསར་འགོད་པས་ལྷ་ས་གྲོང་ཨུད་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་79.57ཟིན་པ་དེ་དུས་མཚུངས་ལས་95.43%འཕར་ནས་རིགས་ཁག་གི་དམངས་འཚོའི་དཀའ་གནད་ནུས་ལྡན་ངང་བསལ་ཡོད། དེའི་ཁྲོད་སྤྱི་ཚོགས་འགན་ལེན་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་6.68ཟིན་པ་དེ་དུས་མཚུངས་ལས་23.78%འཕར་ནས་སྤྱི་ཚོགས་ཀྱི་ཉམས་ཞན་ཚོགས་སྤྱིའི་འཚོ་བའི་ཆུ་ཚད་ལེགས་སུ་སོང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་མ་འཇོག་དུས་མཚུངས་ལས་61.98%འཕར་ཏེ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ཆ་རྐྱེན་དང་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ཁར་སྨན་ཁང་ཁག་གཅིག་ཏུ“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”ལམ་ལུགས་ཚོད་ལྟའི་ལག་ལེན་བྱས་པ་ལས་ཞིང་འབྲོག་མང་ཚོགས་ཀྱི་ནད་བསྟེན་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།