དབུ་ཤོག
  • དེ་རིང་ནི་འཛམ་གླིང་ཨེ་ཙིའི་ནད་འགོག་ཉིན་མོ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-01

    ཟླ་12པའི་ཚེས་1ཉིན་ནི་འཛམ་གླིང་ཨེ་ཙིའི་ནད་འགོག་ཉིན་མོ་ཡིན་ཞིང་། ཨེ་ཙིའི་ནད་ནི་མི་དང་མིའི་དབར་ལ་འགོས་ཁྱབ་འགྲོ་བའི་ནད་གཞི་ཞིག་རེད། ད་ལྟ་འཛམ་གླིང་ཐོག་ནད་དེ་སེང་དྲག་གཏོང་ཐུབ་པའི་སྨན་བཅོས་བྱ་ཐབས་མེད་ལ་སྔོན་འགོག་ཁབ་ཀྱང་མེད་པས། མི་ཚང་མས་ནད་གཞི་འདིའི་སྐོར་གསལ་པོ་ཤེས་པ་བྱས་ནས་རང་ཉིད་དང་མི་གཞན་ལ་མི་འགོ་བ་བྱ་རྒྱུ་ནི་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་རེད།

    ཨེ་ཙིའི་ནད་ཀྱི་འགོད་ལམ།

    ཨེ་ཙིའི་ནད་ཀྱི་འགོད་ལམ་གསུམ་ཡོད་པ་སྟེ།   ལུས་འབྲེལ་དང་།  ཁྲག  མའི་མངལ་ལམ་དང་ནུ་ཞོ་ལས་འགོ་བ་བཅས་གསུམ་རེད།  

    གལ་སྲིད་ཁྱེད་ལ་ཨེ་ཙིའི་ནད་འགོས་མེད་དམ་སྙམ་པའི་དོགས་པ་ཡོད་ཚེ། ཡིན་ཅིག་སྨན་ཁང་དང་འཕྲོད་བསྟེན་རིམས་འགོག་ལྟེ་གནས་སུ་ཕེབས་ཏེ་བརྟག་དཔྱད་བྱེད་དགོས། བརྟག་དཔྱད་བྱས་ནས་ཁྱེད་ལ་ཨེ་ཙིའི་ནད་འགོས་མིན་ཤེས་ཐུབ་ལ། གལ་སྲིད་འགོས་ཡོད་པའི་དབང་དུ་བཏང་ཀྱང་དུས་ཐོག་ཏུ་སྨན་བཅོས་བྱས་ཚེ། རང་གི་ཚེ་ཚད་རིང་དུ་གཏོང་ཐུབ་པ་དང་། རང་གི་ནད་དེ་མི་གཞན་ལ་མི་འགོ་བའི་སྔོན་འགོག་བྱེད་ཐུབ།

    ཨེ་ཙིའི་ནད་ཕོག་མཁན་ནད་པར་བྱམས་སྐྱོང་བྱ་དགོས།

    ཨེ་ཙིའི་ནད་དུག་ཅན་གྱི་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་བརྩེ་བ་དང་། བྱམས་སྐྱོང་བྱེད་པ་ལས་མིའི་ཁྱུ་ནས་ཕྱིར་འབུད་བྱས་མི་ཆོག ཨེ་ཙིའི་ནད་དུག་ཅན་གྱི་མི་རྣམས་ཀྱིས་རང་གི་ནད་རྩ་བ་ནས་བཅོས་ཐབས་མ་རྙེད་ཀྱང་རེ་ཞིག་ཕན་པའི་སྨན་བསྟེན་པ་དང་ཁྱད་པར་དུ་གཞན་ལ་མི་འགོ་བའི་ཐབས་ལ་བརྩོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།