དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་བྱ་ཐབས་ཁག་ལག་ལེན་བྱས་ནས་དམངས་འཚོའི་དཀའ་གནད་སྣ་ཚོགས་སེལ་ཡོད།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-12-01

    སྤྱི་ཚེས་27ཉིན་གསར་འགོད་པས་ལྷ་ས་གྲོང་ཨུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ་དང་པོ་ནས་བཅུ་པ་བར་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་ནང་མ་འཇོག་སྒོར་དུང་ཕྱུར་79ལྷག་ཙམ་བྱས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ་95.4འཕར་ནས་དམངས་འཚོའི་དཀའ་གནད་སྣ་ཚོགས་སེལ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ཟླ་དང་པོ་ནས་བཅུ་པ་བར་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་མ་འཇོག་འཕར་ཚད་དེ་དུས་མཚུངས་པ་ལས་བརྒྱ་ཆ་61.9ཟིན་ནས།  གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་དང་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་དང་།  སྨན་ཁང་ཁག་ཅིག་ཏུ་སྔོན་ལ་སྨན་བཅོས་དང་རྗེས་ལ་སྨན་རིན་རྩིས་རྒྱག་གི་ལམ་ལུགས་ཚོད་ལྟ་ལག་བསྟར་བྱས་པ་དེས།  ཞིང་འབྲོག་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཞི་ལྟོད་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།