དབུ་ཤོག>གསར་འགྱུར།
  • དབུལ་སྐྱོར་ཚོགས་འདུའི་ཐོག་ཡོངས་བསྒྲཌ་བྱས་པའི“རྒྱུན་གཏན་ལས་འདས་པའི”དབུལ་སྒྲོལ་བརྡ་རྟགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-01

    ❋ བརྡ་རྟགས་དང་པོ། རྒྱུན་གཏན་ལས་འདས་པའི་སྐུལ་སློང་།

    “དབུལ་སྐྱོར”ནས“དབུལ་སྒྲོལ”དབར་ཡིག་འབྲུ་གཅིག་གི་ཧེ་བག་ལས་མེད་ཀྱང་། ཐག་གཅོད་དམག་འཐབ་ཀྱི་བློ་སྟོབས་མངོན་ཡོད།

    ཞིས་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་ནི་དཀའ་གནད་ལས་སྒྲོལ་བ་དང་འགག་སྒྲོལ་གྱི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་ཆོད་སེམས་སྔར་ལས་ཆེ་བ་དང་། བསམ་ཕྱོགས་དེ་བས་གསལ་བ། བྱ་ཐབས་སྔར་བས་གནད་སྨིན། རྒྱུན་གཏན་ལས་འདས་པའི་སྤེལ་ཤུགས་བཅས་ལ་བརྟེན་ནས་ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་བསྒྲུབས་ཏེ་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

    ❋ བརྡ་རྟགས་གཉིས་པ། རྒྱུན་གཏན་ལས་འདས་པའི་འགན་འཁྲི་བདའ་འདེད།

    ཁས་ལེན་ཡིག་གེར་མིང་རྟགས་བཀོད་དེ་དམག་བཀའ་ཁུར་ལེན་ཞུ་ཡིག་འབྲི་དགོས།

    ཞིས་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྗིད་པོ་ཁུར་བའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དོན་ཆེན་ཨང་དང་པོ་དང་དམངས་སེམས་ལས་གཞིར་བརྩིས་ཏེ། དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་དགོས། རིམ་པ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་དམག་བཀའ་ཁུར་ལེན་ཞུ་ཡིག་འབྲི་དགོས་ཞེས་བསྟན་གནང་ཡོད།

    ❋ བརྡ་རྟགས་གསུམ་པ། རྒྱུན་གཏན་ལས་འདས་པའི་གཏོང་སྒོ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྣམ་པར་རྒྱལ་བ་བྱེད་དགོས་པའི་བླང་བྱ་དང་འཚམ་པ་བྱེད་དགོས་པ།

    ཞིས་ཅིན་ཕིང་གིས། དབུལ་སྒྲོལ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་བླང་བྱ་དང་འཚམ་པ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་དེ་དག་དབུལ་སྐྱོར་ལ་སྤྱོད་པའི་མ་དངུལ་སོགས་ཀྱི་འཕར་ཚད་དབུལ་སྒྲོལ་འགག་སྒྲོལ་གྱི་བླང་བྱ་མཚོན་པར་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་དམངས་འཚོ་དང་འབྲེལ་བའི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་ཁག་ས་ཁུལ་དབུལ་པོར་སྔར་བས་ཕྱོགས་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་དང་ཁ་གཏད་དབུལ་སྐྱོར་གྱི་ཤར་རྒྱུད་ས་ཁུལ་གྱིས་དབུལ་སྐྱོར་མ་དངུལ་གཏོང་ཤུགས་འོས་འཚམ་ངང་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།

    ❋ བརྡ་རྟགས་བཞི་པ། རྒྱུན་གཏན་ལས་འདས་པའི་ལྕག་སྐུལ།

    དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྣམ་པར་རྒྱལ་བ་བྱེད་དགོས་པ།

    ཞིས་ཅིན་ཕིང་གིས། ང་ཚོས་ཡུས་ཀུང་གིས་རི་བོ་སྤོས་པའི་ཆོད་སེམས་བཞག་པ་དང་དམིགས་འབེན་ཡང་བཙུགས་ཏེ། དཀའ་སྒྲུབ་དངོས་སྒྲུབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ནས། 2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་ཚང་མ་དང་མི་འབོར་དབུལ་པོ་ཚང་མ་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུའི་འགན་ལེན་བྱེད་དགོས། དབུལ་སྒྲོལ་ཕྱུག་འགྱུར་ནི་མཐར་གཏུགས་ནས་བཤད་ན། མང་ཚོགས་དབུལ་པོ་ཚོས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

    ❋ བརྡ་རྟགས་ལྔ་པ། རྒྱུན་གཏན་ལས་འདས་པའི་ཕྱིར་འཐེན།

    དབུལ་སྐྱོར་རྫོང་གི་དབུལ་པོའི་ཞྭ་མོ་ཕུད་པར་དུས་ཚོད་རེའུ་མིག་བཟོས་ནས་ལྷོད་གཏོང་དུས་ཚོད་འཇོག་དགོས།

    ཞིས་ཅིན་ཕིང་གིས། དུས་ཚོད་རེའུ་མིག་བཟོ་དགོས་པ་དང་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་དགོས། ནར་འགྱངས་བྱ་མི་རུང་ལ། འཚབ་འཚུབ་ཀྱང་བྱ་མི་རུང་། ལྷོད་གཏོང་གི་དུས་ཚོད་བཞག་ནས་དུས་ཚོད་ངེས་ཅན་ནང་ཞྭ་མོ་ཕུད་པ་ལས་སྲིད་ཇུས་ཕྱིར་འཐེན་བྱ་མི་རུང་ཞེས་བསྟན་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།