དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-01

    གཅིག  གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་30ཉིན་ནས་ཟླ་12ཚེས་6ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར་མངའ་རིས་དང་། གཞིས་རྩེའི་ལྷོ་རྒྱུད། ནག་ཆུ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་ཤར་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཆེ་བ་འབབ་རྒྱུ། གཙང་པོའི་དབུས་ཤར་རྒྱུད་དང་། ཆབ་མདོ། གཞིས་རྩེའི་ཤར་ལྷོའི་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ཆར་ཆུ་འབབ་པ་དང་སྦྲགས་རང་ལྗོངས་སུ་ནུབ་ཕྱོགས་ནས་ཤར་ཕྱོགས་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་ཀྱི་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།

    གཉིས།  གྲོས་འགོ

    1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་ཆར་ཆུ་འབབ་རྒྱུ་ཡིན་པ་དེས་འབྲོག་ལས་དང་འགྲིམ་འགྲུལ་ཐད་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གངས་འབབ་རྗེས་གནམ་གཤིས་གྲང་དུ་འགྲོ་བས་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་ཐད་དོ་སྣང་བྱེད་དགོས།

    2.ལྷགས་པ་ཆེན་པོ་རྒྱག་པ་ལས་འགྲིམ་འགྲུལ་དང་ཁང་ཕྱིའི་སྒྲིག་ཆས་ཐད་ཤུགས་རྐྱེན་ཐེབས་རྒྱུར་དོགས་ཟོན་བྱེད་པའི་ཐད་དོ་སྣང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།