དབུ་ཤོག>གསར་འགྱུར།
  • གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་ཀྱིས་བོད་ཀྱི་ཞིང་འབྲོག་པ་ཁྲི་ཚོ་བརྒྱར་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-01

    གསར་འགོད་པར་བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་ལྗོངས་སུ་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་3000བསྐྲུན་ནས་སྲིད་འཛིན་ཁུལ57%ལ་ཁྱབ་པས་ཞིང་འབྲོག་པ་ཁྲི་ཚོ་བརྒྱར་ཕན་པ་ཐོབ་ཡོད་པ་རེད།

    བོད་ལྗོངས་ནི་ཞིང་འབྲོག་པས་གཙོ་བོར་བཟུང་བའི་རང་སྐྱོང་ལྗོངས་ཤིག་ཡིན་པ་དང་ཞིང་འབྲོག་པའི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་80%ཡན་བཟུང་ཡོད། གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་མིག་སྔར་ཞིང་འབྲོག་པའི་མི་འབོར་62%ལ་ཁྱབ་ནས་ཞིང་འབྲོག་པ་ཁྲི་150ཡན་ལ་དེའི་ཁྲོད་ནས་ཕན་པ་ཐོབ་པ་རེད།

    བོད་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཞུས་ཧྥེས་ངོ་སྤྲོད་བྱས་པར་གཞིགས་ན། 2011ལོར་བོད་ལྗོངས་སུ“བོད་རང་སྐྱོང་ལྗོངས་གྲོང་གསེབ་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚིཌ”འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ས་ཚིགས་ཁག་ཏུ་གློག་ཀླད་དང་པར་འདེབས་འཕྲུལ་ཆས་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་དྲ་སྦྲེལ་འབྲེལ་མཐུད་ཐུབ་པ་དང་སྦྲགས་གྲོང་གསེབ་ཀྱི་ཆ་འཕྲིན་ཞབས་ཞུ་བ་འདེམས་སྒྲུག་དང་གསོ་སྦྱོང་བྱས་ནས་ཆ་འཕྲིན་ཅན་ལས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་པ་རེད།

    ཞུས་ཧྥེས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་བཙུགས་པ་ནི་ཆ་འཕྲིན་གྱི་ཞིང་ཕན་འདུ་འགོད་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། མིག་སྔར་བོད་ལྗོངས་ཀྱིས་གཞི་ཁྱོན་མི་གྲངས་3000ཟིན་པའི་གྲོང་གསེབ་ཀྱི་ཆ་འཕྲིན་པའི་དཔུང་ཁག་ཅིག་གསོ་སྦྱོང་བྱས་པ་དང་སྦྲགས་བཙུགས་པ། བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་བསྐྲུན་པ། བོད་སྐད་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐད་གཏོང་བྱས་པ་བཅས་བྱས་པས་ས་ཚིགས་དང་། ཆ་འཕྲིན་པ་དང་སྟེགས་བུ་ཕན་ཚུན་མཐུད་སྦྲེལ་ཐུབ་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱས་པར་བརྟེན་བོད་ལྗོངས་ཀྱི་ལྗོངས་བབ་དང་འཚམ་པའི་ཆ་འཕྲིན་གྱིས་ཞིང་འབྲོག་ལས་ལ་རྒྱབ་སྐྱོར་བྱེད་པ་དང་ཆ་འཕྲིན་ཞིང་ཕན་གྱི་མ་ལག་ཅིག་རགས་ཙམ་བསྐྲུན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།