དབུ་ཤོག>གསར་འགྱུར།
  • སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-30

    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་12ཚེས་1ཉིན་ནས་བཟུང་། བོད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་མཐོ་ཤོས་ད་ལྟའི་སྒོར་ཁྲི་དྲུག་ཅུ་ནས་སྒོར་ཁྲི་བདུན་ཅུ་བར་མཐོ་རུ་བཏང་བ་དང་དངུལ་བུན་གཡར་བའི་དུས་ཡུན་དེ་ད་ལྟའི་ལོ་བཅུ་བདུན་ནས་ལོ་ཉི་ཤུ་བར་རིང་དུ་གཏོང་རྒྱུ་ཡིན་པ་རེད།

    ཞིབ་ཕྲ་བརྗོད་ན། བོད་རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་ནང་ཞུགས་པའི་ལས་བཟོའི་བུན་འཇལ་ནུས་པར་གཞིགས་ནས་དངུལ་བུན་གཡར་རྒྱུའི་གྲངས་ཚད་དེ་ཟླ་རེའི་གླ་ཕོགས་ཀྱི(བཟའ་ཚོ་གཉིས་པོས་མཉམ་དུ་དངུལ་བུན་གཡར་ན་མཉམ་དུ་རྩིས་རྒྱག་རྒྱུ)60%གཞི་གྲངས་སུ་བྱ་རྒྱུ་དང་ལོ་གཅིག་གི་དངུལ་བུན་གྲངས་འབོར་རྩིས་བརྒྱབ་རྗེས་སླར་ཡང་དངུལ་བུན་གྱི་དུས་བཅད་སྒྱུར་དགོས།

    དངུལ་བུན་གྱི་དུས་བཅད་ལོ་གྲངས་དེ་ད་ལྟའི་ལོ་17ནས་ལོ་20བར་ནར་འགྱངས་བྱས་པ་དང་དངུལ་གཡར་མཁན་གྱིས་དངུལ་བུན་གྱི་ལོ་ཚད་དང་དངུལ་བུན་རེ་ཞུ་བྱེད་སྐབས་དོན་དངོས་ཀྱི་ལོ་ཚད་དེ་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་དུ་སླེབས་རྗེས་ཀྱི་ལོ་ལྔ་ལས་བརྒལ་ཆོག་གི་མེད།

    བོད་ཀྱིས་ད་དུང་ས་ཆ་གཞན་ནས་དངུལ་བུན་གཡར་ཆོག་པའི་ལས་སྒོ་ཁྱབ་གདལ་ཧུར་ཐག་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ནང་ཞུགས་མཁན་ལས་བཟོས་ས་ཆ་གཞན་ནས་སྡོད་ཁང་ཉོ་བའི་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག་འགྲོ་ལུགས་ཀྱང་སྟབས་བདེ་རུ་བཏང་ཡོད་ལ། ཚན་པ་ནས་གླ་ཆའི་ངོ་སྤྲོད་འབྲི་མི་དགོས་པར། ལས་བཟོས་ཟླ་རེའི་འཇལ་གསོག་གྲངས་འབོར་ལ་གཞིགས་ནས་དེའི་གླ་ཆ་རྩིས་རྒྱག་རྒྱུ་རེད། ཆ་རྐྱེན་དང་མཐུན་པའི་ལས་བཟོ་གསར་པས(ལས་སྒྱུར་བྱས་པ)སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བའི་ཟླ་རྗེས་མ་ནས་བཟུང་དངུལ་བུན་རེ་ཞུ་བྱེད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།