དབུ་ཤོག>གསར་འགྱུར།
  • རླངས་འཁོར་དང་ཁང་པ་ཚད་ལས་བརྒལ་ནས་སྤྱད་པ་ནི་གནད་དོན་ཆུང་ཆུང་ཞིག་མིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-30

    ཚེས་24ཉིན་སློབ་གསོ་པུའི་དྲ་ཚུགས་ཐོག་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཝུན་ཧྲེང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་རྗེས་ད་དུང་གཏན་འབེབས་ལས་འགལ་ནས་གཞུང་འཁོར་དང་གཤམ་འོག་ཚན་པའི་རླངས་འཁོར་བེད་སྤྱད་ཚུལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་སློབ་ཆེན་དེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་འགས་ཀྱང་གཏན་འབེབས་ལས་འགལ་ནས་གཞུང་འཁོར་དང་གཞུང་ཁང་སྤྱད་པ་སོགས་ཀྱི་གནད་དོན་ཐད། སློབ་གསོ་པུའི་ཏང་ཙུའུ་ཡིས་ཞིབ་འཇུག་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་བརྒྱད་པོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་བརྡ་ཁྱབ་བཏང་ཁར་འགྲོ་ལུགས་བཞིན་སྒྲིག་ཁྲིམས་ཀྱི་ཆད་པ་དང་རྩ་འཛུགས་ཀྱི་ཐག་གཅོད་སོ་སོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

    ཀྲུང་དབྱང་སྒྲིག་ཨུད། ལྟ་ཞིབ་པུའི་དྲ་ཚུགས་ནས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིའི་ནང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་27328ཞིབ་བཤེར་དང་། མི་གྲངས་36699ཐག་གཅོད། མི་23951ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད། ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་ལ་བལྟས་ཚེ། གཏན་འབེབས་ལས་འགལ་ནས་གཞུང་འཁོར་བཀོད་སྒྲིག་དང་སྤྱད་པ་མངོན་གསལ་དོད་པ་དང་ཁྱོན་924ཟིན་པ་འཁོད་ཡོད།

    འཁྱག་པའི་བང་རིམ་མང་པོ་དེ། ཉིན་གཅིག་གྲང་བས་ཆགས་པ་མིན་ཞེས་པ་ལྟར་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པ་ཁང་པ་དང་རླངས་འཁོར་ཐད་གནས་ཚུལ་ལྷག་པ་ནི། “གཏན་འབེབས་དོན་ཚན་བརྒྱད”ལས་འགལ་བའི་གནོད་འཚེར་ངོས་འཛིན་དེ་ཙམ་གསལ་པོ་མེད་པ་དེ་རྒྱུ་རྐྱེན་གཙོ་བོ་ཡིན། ཁོང་ཚོས་གཏན་འབེབས་དང་ཚད་ལས་བརྒལ་ནས་རླངས་འཁོར་དང་ཁང་པ་སྤྱོད་པ་སོགས་སྒྲིག་འགལ་གྱི་བྱེད་སྤྱོད་ངན་གོམས་སུ་གྱུར་པ་དང་ཐ་ན་གཏན་འབེབས་དོན་ཚན་བརྒྱད་བཟོས་རྗེས་ཀྱང་སྔར་བཞིན་དམར་ཐིག་ལ་རྩིས་མེད་རྡོག་རོལ་དང་ཡ་མེད་སྒྲིག་འགལ་བྱེད་བཞིན་ཡོད།

    ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་ཀྱིས“སྤྱོད་ཚུལ་བཞི”རྒྱུན་མི་ཆད་པར་ཡོ་བསྲང་བྱས་ཏེ། རྩེ་རིམ་ཇུས་འགོད་དང་ཁྱོན་ཡོངས་འཆར་འགོད་ཡག་པོ་བྱས་པའི་ཁར་གཞུང་འཁོར་སྒེར་སྤྱོད་དང་། གཞུང་གྲོན་བཏང་ནས་ཡུལ་སྐོར། གཞུང་དངུལ་གྱིས་ཟླ་མཆོད་བག་ལེབ་ཉོས་ནས་སྐྱེལ་བ། གཞུང་དོན་ཁང་གི་སྒྲིག་ཆས་ཚད་ལས་བརྒལ་བ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ལ་གཤག་གྲི་རྣོན་པོ་བརྒྱབ་སྟེ་ཆུང་བཅོས་ཆེན་པོ་མི་ལྷག་པར་བྱས་ཏེ་སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་ལྷག་པར་མངོན་པར་བྱེད་དགོས་པ་དེ་ཡིན།

    གནད་དོན་ཆུང་དུས་ནས་མ་བཅོས་ཚེ། ཆེན་པོར་འགྱུར་ཉེན་ལྷག་པར་ཆེ། ཆུང་ནས་དོགས་ཟོན་མ་བྱས་ཚེ། སྤྱོད་བཟང་དྲི་མས་སྦགས་པར་འགྱུར། དེས་ན་བྱ་བ་ཆུང་ཙག་དང་། ཕྲན་ཚེགས། གནད་དོན་ཆུང་ངུ་དག་ལས་ཏང་ཡོན་ལས་བྱེད་པ་མང་པོའི་སྣང་བརྙན་མངོན་པར་བརྟེན་པགས་པ་སྲབ་ས་ནས་མ་བརྡོལ་བ་བྱེད་དགོས། དེས་ན་སྒྲིག་ལམ་དང་ཐུག་རིགས་དམ་འཛིན་སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་གྱིས་རྟག་ཏུ་འདོད་ཆུང་ཆོག་ཤེས་དང་སྐྱོན་ཆུང་ཡོ་བསྲང་ལ་མཁས་པའི་ཐོག་ནས་གོམ་པ་རེ་ལ་རྐང་རྗེས་རེ་བཞག་སྟེ་ཡར་རྒྱས་བཏང་ཚེ། གཞི་ནས་སྤྱོད་ཚུལ་བཟང་པོ་ཞིག་རྒྱུན་འཇགས་ཡོང་ཐུབ།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཁྱབ་བསྒྲགས་བྱས་ནས་ལོ་གསུམ་འཁོར་བའི་དུས་སུ་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་འཛུགས་སྐྱོང་ལ་བྱ་བ་ཆུང་ཙག་མེད་པའི་འདུ་ཤེས་དང་ལེན་གྱིས་ཁྱོན་ཡོངས་ལ་ལྟ་བ་དང་ཆུང་ཙག་ནས་འགོ་འཛུགས་པ་དང་རྒྱུན་གཏན་འཚོ་བའི་ཁྲོད་ནས་དམ་འཛིན་དང་བྱ་བ་ཞིབ་ཚགས་པོས་བསྒྲུབ་རྒྱུ་ནས་འགོ་བརྩམས་ཏེ་སྤྱོད་གཙང་རང་འདོམས་ཀྱི་བླང་བྱ་ཁག་དང་ཏང་གི་སྒྲིག་ལམ་གྱི་མཐའ་ཐིག་སྲུང་རྒྱུ་མི་བརྗེད་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།