དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-29

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་དབུལ་སྐྱོར་རོགས་རེས་མ་དངུལ་རྣམ་གྲངས་བརྒྱུད་ཀོང་པོ་རྒྱ་མདའ་གྲོང་རྡལ་ང་ཕོད་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་20ལྷག་ཙམ་འཕེལ་རྒྱས་བཏང་བས་དེ་སྔའི་གྲོང་ཚོ་དབུལ་པོ་དེ་དེང་གི་འབྱོར་འབྲིང་གྲོང་ཚོར་གྱུར་ནས་དུད་ཁྱིམ་ཚང་མས་ཡུལ་སྐོར་གྱི་ཡོང་འབབ་གསོག་རྒྱུ་ཡོད། གྲོང་མི་བདེ་ཆེན་དབང་མོས“དབུལ་སྐྱོར་རྣམ་གྲངས་མ་དངུལ་གྱི་རྒྱབ་སྐྱོར་འོག་ངས་མགྲོན་ཁང་གཉེར་བ་དང་ལོ་གཅིག་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་བཞི་ལྔ་ཙམ་ཡོང་གི་འདུག”ཅེས་བཤད།

    དེ་ནི་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱི་ཟུར་ཞིག་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་དབུལ་སྐྱོར་ཐད་བཏང་བའི་མ་དངུལ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་74.22བཏང་བའི་ནང་ཀྲུང་དབྱང་ནོར་སྲིད་དབུལ་སྐྱོར་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར་50.6ལོན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མ་དངུལ་གྱི་153.3%ཟིན་པ་དང་། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་11.12ལོན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མ་དངུལ་གྱི་158.8%ཟིན་པ། ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་12ལོན་པ་དང་བོད་སྐྱོར་མ་དངུལ་སྒོར་ཁྲི་5000ཟིན་པ་བཅས་རེད།

    དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བ། དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭ་དུད་ཚང་ཁྲི་2.2ལག་བསྟར་བྱས་པ་དང་། ལོ་ལྔའི་རིང་ཀྲུང་དབྱང་ནོར་སྲིད་དབུལ་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་3.52བཏང་བ་དང་མང་ཚོགས་དབུལ་པོའི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་20%ནས་30%བར་ཆེ་རུ་ཕྱིན་ཡོད།

    ཤང་ཧྲིལ་པོར་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོབ་པ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཤང(གྲོང་རྡལ)200ཡི་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་།

    མིག་སྔའི་བར་ལྗོངས་ཡོངས་ཀྱིས་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ཤང(གྲོང་རྡལ)330ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་2011ལོ་ནས་2015ལོ་བར་ཤང་ཧྲིལ་པོ་269ལ་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ལས་འགན་ལག་བསྟར་བྱས་པ་དང་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་13.79བཏང་ནས་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་རྣམ་གྲངས་2436བཀོད་སྒྲིག་བྱས་པས་ཕན་པ་ཐོབ་མཁན་མི་གྲངས་ཁྲི་46.5ཟིན་པ་དང་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1050མང་དུ་ཕྱིན་ཡོད།

    འབྲེང་ཐག་དཔྱངས་ཟམ་དུ་བསྒྱུར་བའི་རྣམ་གྲངས་ཁྱོན་ཡོངས་ནས་མཇུག་བསྒྲིལ་བ། འབྲེང་ཟམ་དཔྱངས་ཟམ་དུ་བསྒྱུར་བའི་འཆར་འགོད་རྣམ་གྲངས་84ཚང་མ་བསྐྲུན་ཟིན་པ་དང་སྦྲགས་ཕན་འབྲས་ཀྱང་ཐོན་ཡོད། ཆབ་མདོ་དང་། ཉིང་ཁྲི ནག་ཆུ། གཞིས་རྩེ་བཅས་ས་ཁུལ(གྲོང་ཁྱེར)4ཡི་རྫོང་20དང་། ཤང་46 མང་ཚོགས་མི་གྲངས་40501(མང་ཚོགས་དབུལ་པོ་12329)བཅས“འབྲེང་ཟམ་གྱི་དུས་རབས་ནས”ཡོངས་སུ་གྲོལ་བ་རེད།

    ཚོད་ལྟའི་ལས་དོན་གསར་གཏོད་ཐད་ཚད་བརྒལ་གསར་པ་བྱུང་ནས་དབུལ་སྐྱོར་ལས་དོན་ཁྱོན་ཡོངས་ལ་འཕེལ་རྒྱས་གསར་པ་བྱུང་བ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་44ཡི་ཤང(གྲོང་རྡལ)119དང་། སྲིད་འཛིན་གྲོང་ཚོ་156ལ་རོགས་རེས་མ་དངུལ་གྱི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པ་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་133དང་དེ་བཞིན་དུད་ཚང་དུ་བསྐྱོད་ནས་རོགས་སྐྱོར་དང་། ཐོན་ལས་དབུལ་སྐྱོར། ཚན་རྩལ་དབུལ་སྐྱོར་ཚོད་ལྟ། གཅིག་སྡུད་ཡུག་འབྲེལ་གསར་སྤེལ་ཚོད་ལྟ། གེགས་རྗེས་བསྐྱར་སྐྲུན་དང་དབུལ་སྐྱོར་གསོ་སྦྱོང་སོགས་རྣམ་གྲངས་4491ལག་བསྟར་བྱས་ཡོད།

    དངུལ་རྩས་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་བརྟན་པོའི་ངང་སྐུལ་འདེད་བཏང་བ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བ་དང་2015ལོའི་ཟླ་9པའི་བར་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་282.7ཟིན་ཡོད།

    ཞིང་འབྲོག་ཁུལ་གྱི་ལོ་15ཡི་སློབ་ཡོན་མེད་པའི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྨན་ཡོན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞིར་བྱེད་པའི་མཉམ་ལས་སྨན་བཅོས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པ་རྨང་གཞིར་བྱེད་པའི་རྒན་གསོའི་འགྲོ་གྲོན་དང་། འགན་ལེན་ལྔའི་དུད་ཚང་ལ་བསྙེན་བཀུར། མ་མཐའི་འཚོ་བའི་འགན་སྲུང་བཅས་མཐོ་རུ་བཏང་བས་ཆེད་དོན་རྣམ་གྲངས་དང་། ལས་རིགས། སྤྱི་ཚོགས། བོད་སྐྱོར། དངུལ་རྩ་བཅས“ཕྱོགས་ལྔ་གཞི་གཅིག”གི་ལས་ཀའི་རྣམ་པ་ཞིག་སྤྱིར་ན་ཆགས་ཡོད།

    2014ལོར་སླེབས་སྐབས་ལྗོངས་ཡོངས་སུ་ཡིག་ཚགས་བཟོ་བ་དང་གཱ་བཟོ་བའི་དབུལ་ཕོངས་མི་འབོར་2010ལོའི་ལོ་མཇུག་གི་མི་ཁྲི་117ནས་མི་ཁྲི་69བར་ཉུང་དུ་ཕྱིན་པ་དང་ཞིང་འབྲོག་ཁུལ་གྱི་མི་འབོར་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་49.62%ནས་28.75%བར་ཆག་ཡོད། ཞིང་འབྲོག་ཁུལ་གྱི་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་དེ་2010ལོའི་སྒོར་4319ནས་2014ལོའི་སྒོར་7359བར་མང་དུ་ཕྱིན་ནས་བསྟུད་མར་ལོ་22རིང་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།