སྲན་ཞོ་སྦྲང་རྩི་མི་འཕྲོད་རྣ་ཤེད་ཉམས། །
ཧའེ་ཏའེ་ཕག་ཁྲག་མི་འཕྲོད་བཤང་བ་སྐམ། །
ཞོག་ཁོག་ངང་ལག་མི་འཕྲོད་ཤ་ཁེབས་བྱུང་། །
ཚགས་ཤ་བུ་རམ་མི་འཕྲོད་ལྟོ་བ་སྐྲངས། །
ལུག་ཤ་མཚོ་ཟས་མི་འཕྲོད་སྦོས་འགྱངས་བྱེད། །
ཆིན་ཚལ་རིབ་ཤ་མི་འཕྲོད་མགོ་སྐྲ་བྱི། །
སྡིག་སྲིན་ཨ་མྲ་མི་འཕྲོད་ཁོག་པ་བཤལ། །
ངང་ཤ་ལི་གཉིས་མི་འཕྲོད་མཁལ་མར་གནོད། །
ཡང་ཙོང་སྦྲང་རྩི་མི་འཕྲོད་མིག་ཤེད་ཉམས། །
རུས་སྦལ་སྔོ་ཚལ་བསྲེས་པས་ཟས་དུག་ཡོང་། །
བསྙལ་སྒོང་བུ་རམ་མི་འཕྲོད་ཞེ་མེར་ལངས། །
ཨ་རག་ཨ་མྲ་མི་འཕྲོད་སྙིང་འཚུབ་འོང། །
སྒོག་པ་ཙོང་གཉིས་མི་འཕྲོད་ཕོ་བར་གནོད། །
ལུག་མཆིན་སྨྱུག་རྩ་མི་འཕྲོད་ཟས་དུག་ཕོག
བྱ་ཤ་ཏིལ་འབྲུ་མི་འཕྲོད་གཟབ་པར་མཛོད། །