དབུ་ཤོག>གསར་འགྱུར།
  • མང་ཚོགས་ཀྱི་སྙིང་ཉེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་གླིང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སྡེ་ཁུལ་ལ་གཞོགས་འདེགས་བྱས་ཏེ། མང་ཚོགས་ཀྱི་འདོན་མང་བའི་བསམ་འཆར་ཏེ་རྨང་གཞིའི་སྒྲིག་བཀོད་དང་། ཉིན་མཁོའི་འཐུང་ཆུའི་སྒྲིག་བཀོད་སོགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་སོགས་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་། སྡེ་ཁུལ་གྱི་རྣམ་པར་ཤུགས་རྐྱེན་ངན་པ་ཐེབས་ནས། ཡུལ་མིའི་འཚོ་བར་དཀའ་ངལ་བཟོ་བའི“གནད་དོན་ཡོད་པའི་སྒོ་ར་ཆེ་མོར”བཅར་འདྲི་བྱས་པ་དང་། བཅར་འདྲིའི་གནས་ཚུལ་རྨང་གཞིར་བྱས་ཏེ། དེ་སྙན་ཞུ་བཟོས་ནས་ཆུས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་ལ་དམངས་ཆེད་དོན་དངོས་སྒྲུབ་པའི་མ་དངུལ་རེ་ཞུ་བྱས་ནས“གནད་དོན་ཡོད་པའི་སྒོ་ར་ཆེ་མོའི”གནད་དོན་ཐག་གཅོད་བྱས་པ་རེད།

    228554_yis_1448344367564.jpg

    འདི་ནི་དཔལ་གླིང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སྒོ་ར་ཆེ་མོར་གྲོང་མིར་འདོད་མོས་རེའུ་མིག་རྒྱོང་དུ་འཇུག་པའི་གནས་ཚུལ་ཡིན་པ།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཕྱུག་འགྱུར་ལམ་བུ་འཚོལ་བ། དྲིན་ཚོར་སློབ་གསོ་བྱེད་པ། དོན་དངོས་སྒྲུབ་ནས་དཀའ་གནད་སེལ་བ“གཙོ་གནད་ལས་འགན་ལྔ”ལ་དམིགས་ནས་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས། གཞི་རིམ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཅིང་། ཁོང་ཚོས་གྲོང་ཚོར་བཅའ་སྡོད་བྱ་ཡུལ་དུ་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་དངོས་སེལ་མཁན་གྱི་སྙིང་ཉེ་བ་ཞིག་ཆགས་ཡོད།

    228553_yis_1448344367440.jpg

    འདི་ནི་ཆུ་ཤུར་རྫོང་རྣམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཉི་མ་བསམ་གྲུབ(གཡས)ཀྱིས་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོའི་དབུལ་སྐྱོར་དུད་ཚང་དང“རྒན་གྲས་གསུམ་གྱི་མི་སྣ”སོགས་ལ་འཚམས་འདྲིའི་དངུལ་སྤྲོད་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།