དབུ་ཤོག>གསར་འགྱུར།
  • རྫ་ཡུལ་རྫོང་གིས“ངེས་པར་དུ་བཞིར”བརྟེན་ནས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-27

    མང་ཚོགས་ལ་སྔར་བས་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་དང་། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་ཆེད་སྲིད་སྐྱོང་གི་ནུས་པ་མཐོ་རུ་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱ་ཆེད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་བྱེད་སྒོའི་ཁྲོད། རྫ་ཡུལ་རྫོང་ཨུད་ཀྱིས་དོན་དངོས་ལ་གཞི་བཙུགས་ཏེ། ཤང་གྲོང་གི་འགོ་ཁྲིད་ངེས་པར་དུ་ཟླ་རེར་གྲོང་གསེབ་ཏུ་ཐེངས་རེ་བསྐྱོད་རྒྱུ་དང་། གྲོང་ཚོ་འགན་གཙང་ལེན་མཁན་ཤང་གྲོང་འགོ་ཁྲིད་ངེས་པར་དུ་གཟའ་འཁོར་རེར་གྲོང་གསེབ་ཏུ་ཐེངས་རེ་བསྐྱོད་དགོས་པ་དང་། ཤང་གྲོང་ལས་བྱེད་པ་གྲོང་ཚོར་སྐྱོད་སྐབས་ངེས་པར་དུ་དུད་ཚང་དུ་བསྐྱོད་དགོས་པ་དང་ཤང་གྲོང་ལས་བྱེད་པས་ངེས་པར་དུ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང“ངེས་པར་དུ་བཞི”མཐུན་སྦྱོར་དམ་ཟབ་བྱེད་པ་དང་འབྲེལ། ལས་ཀའི་ཁྲོད་ལག་ལེན་ཧུར་ཐག་བསྟར་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་དགོས་ཞེས་བཏོན་པ་རེད།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོའི་ཁྲོད། རྫ་ཡུལ་རྫོང་གིས“ངེས་པར་དུ་བཞིའི”བྱེད་ཐབས་ཀྱི་ནང་དོན་གཙོ་བོ་ནི་ཤང་གྲོང་འགོ་ཁྲིད་ངེས་པར་དུ་ཟླ་རེར་གྲོང་ཚོར་ཐེངས་རེ་བསྐྱོད་དགོས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚོགས་འདུ་དང་ཏང་ཡོན(གྲོང་མི)གྱི་འཐུས་མིའི་ཚོགས་འདུ་དུས་ཐོག་ཏུ་འཚོག་པ་དང་། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་བཅས་དང་འབྲེལ་བའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་པ། འཆར་གཞི་ཡོད་པའི་སྒོ་ནས་དབུལ་པོའི་ཁྱིམ་ཚང་ཁག་གཅིག་ཏུ་བསྐྱོད་དེ་ཁོང་ཚོར་ལྟ་བ་དང་འཚམས་འདྲི་བྱེད་པ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཁོང་ཚོས་ཚོར་ཐུབ་པ་བྱེད་དགོས། འདི་ལོ་ཚུན། རྫ་ཡུལ་རྫོང་གི་ཤང་གྲོང་6གི་ལས་བྱེད་པ་53གྱིས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བྱེད་སྒོ་ཐེངས་450ལྷག་ཙམ་སྤེལ་བ་དང་། གནད་དོན་309བསྡུ་རུབ་བྱས་པ། གནད་དོན་261ཐག་གཅོད་བྱས་ཡོད།

    གྲོང་ཚོ་འགན་གཙང་ལེན་མཁན་ཤང་གྲོང་ལས་བྱེད་པས་ངེས་པར་དུ་གཟའ་འཁོར་རེར་གྲོང་གསེབ་ཏུ་ཐེངས་རེ་བསྐྱོད་དགོས། ཏང་གི་ཞིང་ཕྱུག་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཀྲུང་དབྱང་དང་། ལྗོངས། གྲོང་ཁྱེར། རྫོང་བཅས་ཀྱིས་བཏོན་པའི་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པ། མང་ཚོགས་ཁྲོད་གནས་པའི་སྲིད་ཇུས་ཀྱི་དོགས་གཞི་ཕྱོགས་ཡོངས་ནས་སེལ་བ། གྲོང་ཚོ་དེའི་ཏང་འཛུགས་སྐྱོང་གི་ལས་དོན་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་སོགས་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། ཧྲུའུ་ཅི་ཨང་དང་པོ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་དང་མཉམ་དུ་གྲོང་ཚོ་དེའི་འཕེལ་རྒྱས་བསམ་ཕྱོགས་བཟོ་དགོས། གྲོང་ཚོ་དེའི་དུད་ཚང་རེའི་མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་དང་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། ལྷག་དོན་དུ་གནས་པའི་དཀའ་ངལ་ལ་གདེང་ཚོད་ཡོད་པ་བྱེད་དགོས། འདི་ལོ་ཚུན། རྫ་ཡུལ་རྫོང་གི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་97གྱིས་སྲིད་ཇུས་སྒྲོག་འགྲེལ་ཚོགས་ཆེན་ཐེངས་340ལྷག་ཙམ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་སྲིད་ཇུས་ཀྱི་དོགས་གཞི་227གསལ་འགྲེལ་བྱས་ནས་སྒྲིག་སྲོལ་ལམ་ལུགས་168འཐུས་ཚང་དུ་བཏང་ཡོད།

    ཤང་གྲོང་ལས་བྱེད་པ་གྲོང་གསེབ་ཏུ་སྐྱོད་སྐབས་ངེས་པར་དུ་དུད་ཚང་དུ་བསྐྱོད་དགོས། ཤང་གྲོང་འགོ་ཁྲིད་དང་ལས་བྱེད་པ་གྲོང་གསེབ་ཏུ་སྐྱོད་སྐབས། མང་ཚོགས་ཁྲོད་བསྐྱོད་དགོས་པ་ལས། རིག་གནས་ཁང་དང་གྲོང་གསེབ་ཀྱི་ལས་བྱེད་པའི་ཁྱིམ་དུ་ཁོ་ནར་སྡོད་མི་ཆོག རྒྱུན་དུ་ཞིང་འབྲོག་པའི་ཁྱིམ་དུ་ལྟ་བར་སྐྱོད་པ་དང་། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ། དྲང་ནུས་བརྒྱུད་སྤེལ་བྱེད་པ་བཅས་བྱས་ཏེ། མང་ཚོགས་ཚོར་དེ་བས་ལེགས་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་གཏོང་རོགས་བྱེད་དགོས། འདི་ལོ་ཚུན། རྫ་ཡུལ་རྫོང་གི་ཤང་གྲོང་ལས་བྱེད་པ་ཞིང་དུད་5210ལ་བསྐྱོད་པ་དང་། ཁྱིམ་ཚང་གི་འགལ་བ་དང་ཁྱིམ་མཚེས་དབར་གྱི་འགལ་བ་སོགས་གནད་དོན་108གྲལ་བཤེར་དང་གཅིག་སྡུད་བྱས་པ། གནད་དོན་108བསལ་བ། མི་དམངས་ཀྱི་གནས་ཚུལ་ཡིག་ཚགས་5260བཟོས་པ་དང་འཐུས་ཚང་དུ་བཏང་ཡོད།

    ཤང་གྲོང་ལས་བྱེད་པས་ངེས་པར་དུ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གཞོགས་འདེགས་དམ་ཟབ་བྱེད་དགོས། དོན་དངོས་ལ་གཞི་འཛུགས་པ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོར(གྲོང་མི)འཕེལ་རྒྱས་ཀྱི་བསམ་ཕྱོགས་བཟོ་རོགས་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། ཞིང་འབྲོག་མང་ཚོགས་ཚོར་རིག་གནས་དང་། ལག་རྩལ། བཅའ་ཁྲིམས། ཐོན་སྐྱེད་རྒྱུ་ཆ་སོགས་སྐྱེལ་བའི་བྱེད་སྒོ་སྤེལ་བ། ཞིང་འབྲོག་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་དང་། ཡིད་ཆེས་བརྟན་གཏོང་། ལས་བརྩོན་ཕྱུག་འགྱུར་བཅས་ལ་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་དགོས། འདི་ལོ་ཚུན། རྫ་ཡུལ་རྫོང་གི་ཤང་གྲོང་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་མི)97ལ་འཕེལ་རྒྱས་འཆར་འགོད་ཁག་265བཟོ་བ་དང་། འཕེལ་རྒྱས་བསམ་ཕྱོགས་416གསལ་པོ་བཟོས་པ། ཕྱུག་འགྱུར་རྣམ་གྲངས་94ལག་བསྟར་བྱས་ཡོད། གྲོང་ཚོར(གྲོང་མི)མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དངོས་ཚན་52འཕེལ་རྒྱས་གཏོང་རོགས་དང་དཔལ་འབྱོར་རྩ་འཛུགས་དངོས་ཚན་74མཉམ་ལས་བྱས་པ་དང་། ཞིང་འབྲོག་མང་ཚོགས་མི་ཐེངས་736ལྗོངས་ནང་ཁུལ་གྱི་གསོ་སྦྱོང་དང་མི་ཐེངས་32ལྗོངས་ཕྱིའི་གསོ་སྦྱོང་ལ་ཞུགས་རྒྱུར་མཐུན་སྦྱོར་དང་སྒྲིག་འཛུགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།