དབུ་ཤོག>གསར་འགྱུར།
  • ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་དཔྱིད་རླུང་བྱ་འགུལ་གཏིང་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-27

    ཉེ་ཆར། ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་དཔྱིད་རླུང་བྱ་འགུལ་གཏིང་ཟབ་དུ་བཏང་ཞིང་། བྱེད་སྒོ་སྤེལ་རིང་གཙོ་བོ་ཕྱོགས་བཞིའི་ལས་དོན་ཐད་ཤུགས་སྣོན་བརྒྱབ་ཡོད་དེ།

    གཅིག ལས་གནས་དང་འགན་འཁྲི་ཁ་གསལ་གཏན་འབེབས་བྱས་ནས། ཞིབ་མཆན་གྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་གནས་དང་ལས་སྒྲུབ་ཀྱི་དུས་ཚོད་གཏན་འབེབས་ཁ་གསལ་བཏང་ཞིང་། ABལས་གནས་ལམ་ལུགས་ནན་ཏན་ངང་ལག་བསྟར་བྱས་ཏེ། ལས་ཀའི་འགན་འཁྲི་ཁ་གསལ་མེད་པ་དང་། ལས་ཀའི་འགན་འཁྲིར་གཡོལ་བྱོལ་ཡང་ན་ལས་གནས་སྟོང་པར་ལུས་པ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱས་ཡོད།

    གཉིས། ཞབས་ཞུ་ཚད་ལྡན་དུ་བཏང་བ། ཁྲལ་འཇལ་ཞབས་ཞུ་ཚད་ལྡན་དུ་བཏང་སྟེ། ཁྲལ་འཇལ་མཁན་ཚང་མར་དབྱེ་བ་མེད་པར་ཐིག་ཤིང་གཅིག་གིས་ཐིག་དུམ་བརྒྱབ་པ་ལྟར་དུ་བཏང་སྙོམས་བྱས་ནས། ཚད་གཞི་གཅིག་གྱུར་གྱི་ཐོག་ནས་ཁྲལ་འཇལ་མཁན་ལ་ཞབས་ཞུ་དང་། སྒྲིག་སྲོལ་གཅིག་གི་ཐོག་ནས་ཁྲལ་དོན་ལས་བྱེད་པར་དོ་དམ་བྱེད་པ་བཅས་བྱས་ཡོད།

    གསུམ། ནོར་ཁྲལ་དངུལ་ཚན་པ་གསུམ་གྱི་དྲ་རྒྱའི་འབྲེལ་མཐུད་ལས་སྒོར་ཤུགས་སྣོན་བརྒྱབ་སྟེ་ད་ལྟ་ཚན་པ་ཁག་གཉིས་ལ་རྒྱ་ཁྱབ་བཏང་ཟིན་པ་རེད།

    བཞི། “དྲ་རྒྱ་དང་ཁྲལ་དོན་མཉམ་འབྲེལ”གྱི་ལས་སྒོར་སྐུལ་འདེད་བཏང་ནས། QQཚོགས་པ་དང་སྐད་འཕྲིན་ཚོགས་པ། སྐད་འཕྲིན་སྤྱི་དམངས་ཨང་རྟགས་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲལ་དོན་གྱི་ཞབས་ཞུའི་ཕྱོགས་སྟོན་དང་། ཁྲལ་དོན་གྱི་ལས་སྒོ་འདྲི་རྩད། སྲིད་ཇུས་གསར་པ་དྲིལ་བསྒྲགས་སོགས་ཀྱི་ཁྲལ་དོན་ལས་སྒོ་དྲ་བ་ནས་གཉེར་རྒྱུ་མངོན་འགྱུར་ཡོང་བ་བཅས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།