རིགས་གཅིག་མཁས་ཅན་གྱིས་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཐོག་ནས་གཅིན་སྙི་ཟ་ཁུའི་ནད་པས་མངར་མེད་བཟའ་བཅའ་བཟས་ན་ཁྲག་མངར་གཅོག་ཐུབ་སྙམ་གྱི་ཡོད། འོན་ཀྱང་ཁྲག་མངར་སྔར་བཞིན་ཆག་གི་མེད་པས་གཅིན་སྙི་ཟ་ཁུའི་ནད་པས་མངར་མེད་བཟའ་བཅར་རྦད་དེ་བློ་གཏད་བཅོལ་མི་རུང་བའི་དྲན་སྐུལ་བྱས།
དམག་མིའི་གསོ་རིག་སློབ་ཆེན་གསུམ་པའི་ཤིན་ཆའོ་སྨན་ཁང་གི་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ཀྲུའུ་རེན་ཀྲེང་ཧུང་ཐིང་གིས་གཅིན་སྙི་ཟ་ཁུའི་ནད་པས་མངར་མེད་བཟའ་བཅའ་བཟས་ན་ཁྲག་མངར་གཅོག་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་སིང་ཕྱེ་དང་། སྤྲི་དཀར་གྱི་བཅུད། ཡང་ན་ཞག་ཚི་ཡོད་པའི་བཟའ་བཅའི་ནང་ནུས་ཚད་ཡོད་པས་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཁོག་པའི་ནང་ཞུ་རྗེས། སྐྱེ་ལྡན་ཕུང་པོའི་ནུས་ཚད་ལ་འགྱུར་ནས་ཁྲག་མངར་མཐོ་རུ་འགྲོ་ཡི་ཡོད། གཅིན་སྙི་ཟ་ཁུའི་ནད་པས་མངར་མེད་བཟའ་བཅའ་ཚོད་མེད་བཟས་ན་ཁྲག་མངར་འཕར་ནས་ནད་གཞི་སྡུག་ཏུ་འགྲོ་སྲིད་ཅེས་བཤད།
གཞན་ཡང་གཅིན་སྙི་ཟ་ཁུའི་ནད་པས་ཟས་རིགས་ཀྱི་ཐོག་ནས་གཅིན་སྙི་ཟ་ཁུའི་ནད་བཅོས་སྐབས་ཟས་རིགས་གཙོ་བོ་དང་ཞོར་ཟས་ཟ་རྒྱུ་ཚོད་འཛིན་བྱེད་དགོས་པ་དང་མངར་མེད་བཟའ་བཅའ་ཚོད་མེད་བཟས་ན་ནད་གཞི་སྡུག་ཏུ་འགྲོ་སྲིད།