དབུ་ཤོག>གསར་འགྱུར།
  • དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་རིང་མང་ཚོགས་ཀྱི་སེམས་པ་དངོས་འབྲེལ་དྲོ་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-26

    དགུན་ཁ་ཤར་ནས་ལོ་མཇུག་ཏུ་སླེབས། ཉེ་དུས་ས་གནས་མི་ཉུང་བ་ཞིག་གིས་ཆེད་དོན་རོགས་སྐྱོབ་བྱ་སྤྱོད་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་ཚོགས་དང་དཀའ་ངལ་ཆེ་བའི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་འགོ་ཚུགས། “དྲོ་སྐྱིད་སྦྱིན་པའི”བྱ་སྤྱོད་སྣ་ཚོགས་ནི་དམངས་འཚོ་སྔར་བས་ལེགས་པའི་སྒོ་ནས་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་ཞིང་། དེ་ལས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་གང་ལེགས་གནང་བ་མཚོན་གྱི་ཡོད། དེ་ནི་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལེགས་པར་རྒྱག་པའི་གཡུལ་ས་གལ་ཆེན་ཞིག་ཀྱང་རེད། དེས་ན། ས་གནས་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐད་ཀར་དམིགས་ཏེ་མི་སེར་གྱི་སེམས་པ་དངོས་འབྲེལ་དྲོ་བར་བྱེད་དགོས་པ་དང་། དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་དགོས།

    “ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་གྲོས་འགོའི་ནང་། གྲོང་གསེབ་ཀྱི་དབུལ་པོ་དབུལ་སྒྲོལ་བྱ་རྒྱུ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ནང་གི་ལས་འགན་ལྕི་ཤོས་ཤིག་ཡིན་ཞེས་བཏོན་ཡོད། དེས་ན། ངེས་པར་དུ་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལེགས་པར་རྒྱག་དགོས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་པོ་དང་སྔར་བས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་པའི་བླང་བྱ་དེ་ལས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ནང་གི་དབུལ་སྒྲོལ་གྱི་དོན་སྙིང་གལ་ཆེན་འབུར་དུ་མངོན་པ་དང་། དེས་ད་དུང་ས་གནས་ཁག་གིས་མི་འདང་བའི་ཆ་ཚང་མ་མགྱོགས་ནས་མྱུར་དུ་གསབ་རྒྱུ་དང་དྲ་བའི་ཞབས་མཐིལ་ཡག་པོ་ཞིག་སླ་རྒྱུར་ཁ་ཕྱོགས་གསལ་སྟོན་ཡང་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་དམངས་འཚོའི་སྲིད་ཇུས་སྣ་ཚོགས་ལག་ལེན་བསྟར་བ་དང་ཆབས་ཅིག རང་རྒྱལ་གྱི་སྤྱི་ཚོགས་འགན་ལེན་དང་རོགས་སྐྱོབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། 2015ལོའི་ཟླ་བ་བརྒྱད་པ་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྲི་1768.5དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྲི་5005.6གི་མི་རེའི་ཟླ་རེའི་ཆ་སྙོམས་ཁ་གསབ་2010ལོའི་དུས་མཚུངས་ལས་63.7%དང་92.9%སོ་སོ་འཕར་ཡོད།

    ཡོང་འབབ་དམའ་བའི་མི་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་མོད། འོན་ཏེ་ས་གནས་ཁག་གཅིག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་དེ་རྣམ་པ་ཙམ་དུ་གྱུར་པ་དང་། བསམ་པ་རྣམ་དག་མི་བྱེད་པ། ཕུགས་ཕན་གྱི་ལམ་སྲོལ་དེ་ཙམ་མང་པོ་མེད་པ། ལོ་གསར་འཆར་ཉེར་ཡོད་པའི་དུས་སུ་གཞི་ནས་གདོང་བསུ་རྒྱབ་སྐྱེལ་རྣམ་པའི་ཐོག་ནས་འབྲས་དང་བཟའ་སྣུམ་སོགས་བསྐྱལ་ཏེ་བཟོ་ཏ་སྟོན་ཙམ་བྱེད་ཀྱི་ཡོད། “དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་དེ་རིགས་ནི་མང་ཚོགས་ཀྱི་དགོས་མཁོ་སྐོང་བའི་བྱ་སྤྱོད་ངོ་མ་ཞིག་མིན་ལ་ཐ་ན་མགོ་མཇུག་གོ་ལྡོག་པ་ཞིག་རེད་ཅེས་བརྗོད་ཀྱང་ཆོག

    དྲོ་སྐྱིན་སྦྱིན་པའི་བྱེད་སྒོ་སྤེལ་རིང་། རྣམ་པ་ཙམ་སྟོན་པའི་བྱ་སྤྱོད་དེ་རིགས་སྔོན་འགོག་བྱེད་ཆེད་འབྲེལ་ཡོད་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་ངོ་མ་འཇོག་དགོས་ཤིང་། དཔོན་ཉམས་དོར་བ་དང་། ལྟ་སྟངས་གཅིག་འཛིན། གཙོ་གནད་གཤམ་སྒྱུར་བཅས་བྱེད་དགོས། དབུལ་པོ་ཆགས་རྐྱེན་མི་འདྲ་བའི་མི་ཚོགས་ལ་གནས་ཚུལ་དབྱེ་འབྱེད་བྱེད་པ་དང་སྦྲགས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བྱས་ཏེ་མང་ཚོགས་ནད་གཞི་ཕོག་ནས་དབུལ་པོ་ཆགས་པ་དང་། སློབ་གསོའི་རྐྱེན་གྱིས་དབུལ་པོ་ཆགས་པ། གེགས་བར་བྱུང་ནས་དབུལ་པོ་ཆགས་པ་བཅས་ཀྱི་རྐྱེན་པས་རོགས་སྐྱོར་གནང་རོགས་ཞུ་ས་མེད་པར་གྱུར་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས། ཏང་དང་སྲིད་གཞུང་གི་སྲིད་ཇུས་དག་དཀའ་ངལ་འཕྲད་པའི་མང་ཚོགས་ལ་ལག་ལེན་བསྟར་ཏེ། ཁོང་ཚོར་ཕན་པ་ངོ་མ་ཐོབ་པ་དང་ཁོང་ཚོར་དྲོ་སྐྱིད་ཀྱི་ཚོར་སྣང་ངོ་མ་ཞིག་ཡོང་བར་བྱེད་དགོས།

    བསམ་པ་རྣམ་དག་གིས་རོགས་སྐྱོར་བྱས་ན་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོ་སྐྱིད་ཡུན་རིང་སྦྱིན་ཐུབ། རྒྱུ་དངོས་ཕྲན་བུས་སྐབས་འཕྲལ་གྱི་དཀའ་ངལ་མ་གཏོགས་སེལ་མི་ཐུབ། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་དུ་བསྒྱུར་ནས་རོགས་སྐྱོར་ཡུན་རིང་མཁོ་བའི་མང་ཚོགས་ལ་དམིགས་སའི་རང་བཞིན་ལྡན་པའི་རོགས་སྐྱོབ་བྱེད་པ་དང་། ལས་ཀར་ཞུགས་པའི་གོ་སྐབས་སྔར་བས་མང་པོ་སྤྲོད་པ། རང་ཉིད་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱིས་ཁོང་ཚོ་མགྱོགས་ནས་མྱུར་དུ་དབུལ་སྒྲོལ་ཡོང་བ་བྱེད་དགོས། དེ་འདྲ་བྱས་ན་གཞི་ནས་དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་པོར་བསྲུངས་ཏེ་མཉམ་སྤྱོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རིང་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་མི་ལུས་པ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།