དབུ་ཤོག
  • ཐ་མག་ལས་གློ་ཡང་སེ་བརྒྱབ་ན་གློ་འགག་ནད་ཕོག་ཉེན་ཆེ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-25

    རིགས་གཅིག་མཁས་ཅན་གྱིས་ཡུན་རིང་ཐ་མག་འཐེན་མཁན་ཚོགས་སྤྱི་དང་།  ཐ་མག་གི་དུ་བའི་ཁྲོད་སྡོད་མཁན། གློ་ཡང་སེ་རྒྱག་མཁན་བཅས་ལ་གློ་བ་འགག་པའི་ནད་ཕོག་ཉེན་ཆེ་བའི་དྲན་སྐུལ་བྱས་ཡོད།  

    ཁྲུང་ཆིང་ནན་ཨན་ཆུས་ཀྱི་ལོ་41ལ་སླེབས་པའི་སྐུ་ཞབས་ཚུའེ་ཡིས་ཐ་མག་འཐེན་ནས་ལོ་20ལྷག་ཙམ་འགྲོ་གི་ཡོད།  ཉེ་དུས་ཁོང་གློ་ཡང་སེ་རྒྱག་པ་དང་གཟུགས་པོ་ཡང་སྐྱོ་རུ་ཕྱིན་ཏེ་ཐོག་ཁར་འཛེག་སྐབས་དབུགས་ཧལ་ནས་ངལ་གསོས་ན་མ་གཏོགས་འཛེག་ཐུབ་ཀྱི་མེད།  སྨན་ཁང་དུ་བརྟག་དཔྱད་བྱས་རྗེས་གློ་འགག་ནད་ཕོག་པ་ཤེས།  

    བཅིངས་འགྲོལ་དམག་སློབ་ཆེན་གསུམ་པའི་ཤིན་ཆའོ་སྨན་ཁང་གི་དབུགས་ལམ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཝང་ཀོན་ཧའོ་ཡིས་གློ་བ་འགག་པའི་ནད་རྟགས་དེ་གློ་བའི་ནུས་པ་རིམ་གྱིས་ཉམས་པའི་གློ་བའི་ནད་ཅིག་ཡིན།  ནད་དེ་ཐོག་མར་ཤེས་རྟོགས་ཐུབ་ཀྱི་མེད།  ནད་ལྕི་རུ་ཕྱིན་རྗེས།  གསོ་རླུང་དཀོན་པའི་རྐྱེན་གྱིས་དེ་མིན་དབང་པོར་ཡང་ནད་ཐོན་སྐབས་སྨན་བཅོས་བྱེད་ཁག་པོ་ཡོད་ཅེས་ངོ་སྤྲོད་བྱས།  

    རིགས་གཅིག་མཁས་ཅན་གྱིས་ཡུན་རིང་ཐ་མག་འཐེན་མཁན་དང་།  གློ་ཡང་སེ་རྒྱག་མཁན།  ཐ་མག་གི་དུ་བའི་ཁྲོད་སྡོད་མཁན་བཅས་ལ་གློ་བ་འགག་པའི་ནད་ཕོག་སླ་བས་རབ་བྱུང་ན་ལོ་གཅིག་ནང་གློ་བར་བརྟག་དཔྱད་ཐེངས་རེ་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་ཐུབ་པའི་དྲན་སྐུལ་བྱས།   

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།