
ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.44བཏང་བ་དང་། ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ། རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་བཟོ་རྩལ་ལ་བརྟེན་ནས་གསོ་ཚགས་རྟེན་གཞི་དེར་ཇུས་འགོད་རྩེ་གྲ་བྱས་པ། བཞོན་མ་དཀར་ཁྲ་1500ནང་འདྲེན་བྱས་པ། ཕྱི་ནས་ཉོ་སྒྲུབ་དང་རང་གིས་འདེབས་པ་སོགས་ལ་བརྟེན་ནས་གཟན་རྩྭའི་གནད་དོན་ཐག་གཅོད་བྱས་པ། དབྱི་སི་རལ་གྱི་འོ་བཞོའི་སྔོན་ཐོན་སྒྲིག་ཆས་50སྤྱད་པ་བཅས་འོ་མའི་སྤུས་ཚད་འགན་ལེན་གྱིས་བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་སྒྲིག་ཆས་ཆེས་སྔོན་ཐོན་གྱི་འོ་ཁུངས་རྟེན་གཞི་སྤུས་ལེགས་ཤིག་ཧུར་ཐག་བཏོད་པ་དང་། ལྟེ་གནས་དེས་ད་དུང་ཐད་ཚོང་རླངས་འཁོར་ཤར་གཏོང་བྱས་ཏེ་རྒྱ་ཆེའི་གྲོང་མིར་འོ་མ་སོས་པ་མཁོ་འདོན་བྱས་ཤིང་། འདི་ནི་གྲོང་མིས་བཞོན་མ་གསོ་ཚགས་ལྟེ་གནས་ཀྱི་ཐད་ཚོང་རླངས་འཁོར་ནས་འོ་མ་སོས་པ་ཉོ་བའི་གནས་ཚུལ་ཡིན་པ།