“མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ནང་མི་དམངས་ཡོངས་ལ་ཐོབ་ཚོར་སྔར་བས་མང་པོ་ཡོང་བར་བྱེད་དགོས” སྟོན་ཀའི་དུས་སུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ནང་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་འཆར་གཞིའི་ནང་གི་དམངས་འཚོའི་སྟོན་ཕྱོགས་གསལ་བཤད་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རྦ་རླབས་ཀྱི་འགོར་ལངས་ཏེ་རྒྱང་ལྟ་བྱེད་སྐབས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་སྤྱོད་པ་བཅས་ཀྱི་མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་དེ་རིམ་ཁག་ཏང་ཡོན་ལས་བྱེད་པས་བརྗེད་མི་རུང་བའི་རིན་ཐང་གི་གཞིར་བཟུང་ས་ཞིག་ཏུ་འགྱུར་བ་བྱེད་དགོས།
2011ལོ་ནས་2014ལོ་བར་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་གྲངས་ལོ་རེར་ཆ་སྙོམས་8%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ལོ་རེར་མི་ཁྲི་2000ཙམ་མང་དུ་སོང་བ། རྒྱལ་དམངས་མི་རེའི་ཆ་སྙོམས་ཡོང་འབབ་བསྡོམས་གྲངས་2010ལོའི་ཨ་སྒོར་4300ནས་2014ལོའི་ཨ་སྒོར་7380བར་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་དང་། སྨན་བཅོས་འཕྲོད་བསྟེན། འགྲིམ་འགྲུལ་སྐྱེལ་འདྲེན། སློབ་གསོ། སྤྱི་ཚོགས་འགན་ལེན། ལས་ཞུགས་གཏོང་སྒོ་བཅས་ཚང་མ་གྲངས་གནས་གཉིས་འཕར་རྒྱུ་མངོན་འགྱུར་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པར”ཕྱིར་ལྟ་བྱེད་སྐབས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། དཔལ་འབྱོར་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། མི་སེར་ལ་འཕེལ་རྒྱས་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་ཡོད།
གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེ་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ཡིན་མོད། འོན་ཏེ་དུས་མཚུངས་སུ་ཐག་རིང་ལུང་ཁུག་ས་ཁུལ་དུ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ་དང་། སློབ་གསོ་དྲང་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་དུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཐད“དམངས་འཚོའི་དཀའ་གནད”མི་ཉུང་བ་ཞིག་ཡོད། དེས་ང་ཚོར་འཕེལ་རྒྱས་གཏོང་རིང་ངེས་པར་དུ་མང་གས་ས་་ང་་ས་ད་པ་དང་། མང་གས་དང་ཐད་ཀར་འལ་བ་་ས་ད་པ། མང་གས་ལ་འལ་མ་་ས་ན་པ་བཅས་་་ཕན་་གནད་ན་ཐག་གཅོད་བྱ་རྒྱུ་ནས་འགོ་འཛུགས་དགོས་པ་ལས་དམངས་འཚོའི་དཀའ་གནད་འཕེལ་རྒྱས་ཀྱི་ཁུག་ཆར་འགྱུར་དུ་གཏན་ནས་འཇུག་མི་རུང་བའི་དྲན་སྐུལ་བྱས་ཡོད།
འོ་ན་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི“རྒྱུ་གཉིས་ཀྱི་བར་མཚམས་འོབས་དོང”ཇི་ལྟར་སྙོམས་དགོས་སམ། མི་དམངས་ལ“སྔར་བས་ལེགས་པའི་སློབ་གསོ་དང་། སྔར་བས་བརྟན་པའི་ལས་ཀ་སྔར་བས་བློ་ལ་བབ་པའི་ཡོང་འབབ། སྔར་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་ལེན། སྔར་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྔར་བས་བག་ཕེབས་པའི་འཚོ་སྡོད་ཆ་རྐྱེན། སྔར་བས་མཛེས་པའི་ཁོར་ཡུག”བཅས་མཉམ་སྤྱོད་ཇི་ལྟར་ཡོང་བ་བྱེད་དགོས་སམ། མང་གས་ས་་ང་་ས་ད་པ་དང་། མང་གས་དང་ཐད་ཀར་འལ་བ་་ས་ད་པ། མང་གས་ལ་འལ་མ་་ས་ན་པ་བཅས་་་ཕན་་གནད་ན་འདི་དག“ལོ་ལྔ་ཚན་བཅུ་གསུམ་པ”ཡི་རིང་ངེས་པར་དུ་གདོང་གཏུག་བྱེད་དགོས་པ་དང་ཐག་གཅོད་བྱེད་དགོས་པའི་བརྗོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པར”རྒྱང་ལྟ་བྱེད་སྐབས། རང་རྒྱལ་གྱི་འཕེལ་རྒྱས་ལ་དུས་བབ་གསར་པ་དང་འགྲན་སློང་གསར་པ་མང་པོ་འཕྲད་རྒྱུ་ཡིན་ཞིང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་དུ་གྱུར་ལ། དམངས་འཚོ་ལེགས་སུ་གཏོང་རྒྱུའང་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས། མི་རྣམས་ཀྱིས་ཐེ་ཞུགས་དང་། མི་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་འདོན་པ། མི་རྣམས་ཀྱིས་མཉམ་སྤྱོད་བཅས་བྱེད་པའི་འཕེལ་རྒྱས་ཀྱི་འདུ་རེས་གཞིར་བཟུང་། ང་ཚོས་བཏོན་པའི་དམིགས་ཚད་ཇི་ཙམ་གནད་སྨིན་བྱུང་ན་མཐོང་འདོད་བྱེད་པའི་མཛེས་ལྗོངས་དེ་བས་ཀྱང་གསལ་པོ་ཞིག་ཡོང་ངེས། ང་ཚོས་སྤྱི་པའི་ཞབས་འདེགས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབུལ་སྐྱོར་འགག་སྒྲོལ་ལས་གྲྭ་ལག་ལེན་བསྟར་རྒྱུ། འོས་འགན་སློབ་གསོ་འཕེལ་རྒྱས་དོ་སྙོམས་ལ་སྐུལ་འདེད་གཏོང་རྒྱུ། སྔར་བས་དྲང་གཞག་དང་སྔར་བས་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་འཛུགས་རྒྱུ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་དགོས་པ་མ་ཟད། ད་དུང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་སྤྱི་ཚོགས་ཡོངས་ཀྱི་དྲང་སྙོམས་དྲང་བདེན་དང་ཞི་མཐུན་ཡར་རྒྱས་ལ་སྐུལ་འདེད་ཀྱང་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་ཡིན་ལ། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་ཞིག་ཀྱང་རེད”ཅེས་ནན་གྱིས་གསུངས་ཡོད། མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཕན་པ་ཡོངས་ཁྱབ་ཏུ་ཐོབ་མིན་དེ་ནི། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་རེད། མ་འོངས་ལོ་ལྔའི་ནང་ང་ཚོས་གཡུར་དུ་ཟ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་དམངས་འཚོའི་དཀའ་གནད་མེད་པར་བཟོས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་མི་དམངས་ལ་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་སྔར་བས་མང་པོ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད།