སྤྱི་དམངས་ཚང་མར་དུས་ཐོག་ཏུ་འགོ་ནད་ཀྱི་རིམས་ནད་སྙན་ཞུ་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད། འགོ་ནད་ཕོག་པའི་ནད་པ་དང་འགོ་ནད་ཕོག་པའི་དོགས་པ་ཡོད་པའི་ནད་པ་ཐོན་ཚེ་ངེས་པར་དུ་བརྙན་སྐྱེལ་དང་ཁ་པར་སོགས་ཀྱི་ཐབས་ཤེས་བརྒྱུད་མགྱོགས་མྱུར་ཉེ་འདབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་འམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྙན་ཞུ་བྱེད་དགོས་པ་ལས་སྦ་གསང་དང་རྫུན་ཞུ། ཡང་ན་མི་གཞན་གྱི་བཀོད་པ་ལྟར་རིམས་ནད་སྦ་གསང་ངམ་རྫུན་ཞུ་བྱེད་མི་རུང་།