
ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དམངས་ཕན་ཐད་ཚོང་རླངས་འཁོར་ནས་གོང་ཁེའི་ཚགས་ཤ་དང་ལུག་ཤ་དངོས་སུ་བཙོངས་པ་རེད། མིག་སྔར་ལྷ་ས་གྲོང་ཁུལ་དུ་ཕྱིར་ཚོང་ས་ཚིགས་ཁྱོན་5བཙུགས་ཡོད་པ་དེ་དག་ཁྲེང་ཀོན་ཆུས་སྲིད་གཞུང་གི་སྒོ་འགྲམ་དང་། བར་སྐོར་ཚོང་གྲོང་གི་སྒོ་འགྲམ། ཁ་ཆེ་ལྷ་ཁང་། ཀླུ་སྒུག་གི་སྔོ་ཚལ་ཐད་ཚོང་རླངས་འཁོར་འགྲམ། མེ་ཅ་ཡོན་ཁུལ་ཆུང་བཅས་སུ་གོང་ཁེའི་ནོར་ལུག་གི་ཤ་ཐད་ཀར་འཚོང་གི་ཡོད་པ་རེད།
འདི་ནི་གྲོང་མིས་ཐད་ཚོང་རླངས་འཁོར་ནས་གོང་ཁེའི་ཚགས་ཤ་དང་ལུག་ཤ་ཉོ་བའི་གནས་ཚུལ་ཡིན་པ།