དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་ཤར་ཡན་ལག་ཅུས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་མ་ཧུར་ཐག་དང་ཁྲལ་འཇལ་ཞབས་ཞུ་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་ཤར་ཡན་ལག་ཅུས་ཀྱིས《རྒྱལ་ཡོངས་ཀྱི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན》གོ་སྐབས་སུ་བརྩིས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་མ་ཧུར་ཐག་བཏང་བ་དང་ཁྲལ་འཇལ་ཞབས་ཞུ་ལེགས་སུ་བཏང་སྟེ་ཁྲལ་འཇལ་བར་སྟབས་བདེ་ཆེ་ཤོས་བཏོད་པ་དང་ཁྲལ་དོན་མི་སྣ་ཚད་ལྡན་བཟོས་ནས་ཁྲལ་འཇལ་མཁན་གྱི་བློ་ཡིད་ཚིམས་ཚད་དང་ཁྲལ་ཁྲིམས་ལ་བརྩི་བཀུར་ཞུ་ཚད་མཐོ་རུ་བཏང་བ་སྟེ།

    གཅིག་ནི“འཛིན་ཐོ་འགོད་མི་དགོས་པའི”ཞབས་ཞུ་ཁྱབ་གདལ་བཏང་ཞིང་། དེའི་ནང་ཉོ་ལེན་གྱི་འཛིན་ཤོག་དཀྱུས་མ་བརྗེ་བ་དང་། ཁྲལ་དོན་ཐོ་འགོད་སྒྱུར་བཅོས། ཁྲལ་དོན་ཐོ་འགོད་ཐོ་ཁོངས་ནས་སུབ་པ། ཚོང་མཚམས་བཞག་པའི་ཐོ་འགོད་བཅས་ཁག་4ཚུད་དེ་ཁྲལ་འཇལ་བའི་ཤོག་བཟོས་དཔྱད་གཞི་འགོད་མི་བདེ་བ་དང་ཕན་འབྲས་དམའ་བའི་གནད་དོན་ཐག་གཅོད་བྱས་པ་དང་།

    གཉིས་ནི་འཛིན་ཤོག་དཀྱུས་མ་ཉོ་ལེན་ཚོད་འཛིན་ལྷུག་ཏུ་བཏང་ཞིང་། འཛིན་ཤོག་དཀྱུས་མ་ཞིབ་མཆན་འགོད་ནས་ལེན་པ་དེ་འཕྲལ་མར་སྒྲུབ་པའི་དོན་ཚན་ལ་བསྒྱུར་ནས་ཞིབ་མཆན་འགོད་མི་དགོས་པར་ག་དུས་སྤྱོད་རུང་ག་དུས་ལེན་ཆོག་པ་དང་། ཁྲལ་འཇལ་བ་ཚང་མས་ཐེངས་གཅིག་ལ་ཟླ་གཅིག་ལ་སྤྱོད་པའི་འཛིན་ཤོག་ལེན་ཆོག་པ་དང་ཁ་གདན་ཚིག་གནས་ཀྱི་ཚན་པས་དུས་ཚིགས་གཅིག་ལ་སྤྱོད་པའི་འཛིན་ཤོག་ལེན་ཆོག་པ། འཕྲུལ་བཟོས་འཛིན་ཤོག་ཁྱབ་གདལ་ཧུར་ཐག་བཏང་ནས་སྤྱོད་ཚད་བཅད་འབོར་འཛིན་ཤོག་ཉུང་དུ་བཏང་སྟེ་དུས་བཀག་འཛིན་ཤོག་ཟླ་རེར་ཚོམས་ཆེན་དུ་རྙིང་བཤེར་བྱེད་མི་དགོས་པ་བྱས་པ།

    གསུམ་ནི“ལག་ཁྱེར་གསུམ་གཅིག་སྡུད”ཀྱི་ལས་དོན་ཁྱབ་གདལ་ཧུར་ཐག་བཏང་ཞིང་། ཞབས་ཞུ་རྣམ་པའི་ཁྲལ་དོན་ལས་ཁུངས་འཛུགས་རྒྱུར་སྐུལ་མ་གཏོང་ཆེད། “ལག་ཁྱེར་གསུམ་གཅིག་སྡུད”བྱས་པ་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུའི་ལྟེ་གནས་སུ་ཚོད་ལྟ་བྱས་ཚུན་གཞོགས་འདེགས་ཧུར་ཐག་བྱས་པ་དང་། འཕྲལ་མར་མི་སྣ་མངགས་སྡོད་བྱས་པ། འབྲེལ་ཡོད་ལས་དོན་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།