དབུ་ཤོག>གསར་འགྱུར།
  • “སྟོན་དུས་སློབ་སྐྱོར”གྱི་མ་དངུལ་སྒོར་ཁྲི་1500ལྷག་ཙམ་གྲབས་གསོག་བྱས་ནས་སློབ་མ་དབུལ་པོ་6000ལྷག་ཙམ་སློབ་ཆེན་དུ་འགྲོ་རྒྱུའི་འདུན་པ་འགྲུབ་རྒྱུར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི“སྟོན་དུས་སློབ་སྐྱོར”གྱི་བྱེད་སྒོ་ལོ་14སྤེལ་རིང་མ་དངུལ་སྒོར་ཁྲི་1568.75གྲབས་གསོག་བྱས་ནས་སློབ་མ་དབུལ་པོ་6121ལ་སློབ་ཆེན་དུ་འགྲོ་བའི་འདུན་པ་འགྲུབ་རྒྱུར་རོགས་རམ་བྱས་སྟབས་བྱེད་སྒོ་དེ་འཚོ་བར་དཀའ་ངལ་ཆེ་བའི་ལས་བཟོ་དང་ཞིང་པ་ལས་མིའི་བུ་ཕྲུག་སློབ་གྲྭར་འགྲོ་རྒྱུའི་དཀའ་ངལ་སེལ་བའི་སྤུས་རྟགས་འདུ་འགོད་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཚེས་21ཉིན་གསར་འགོད་པས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་དུས་2015ལོའི་ལོ་འཁོར་གྱི“སྟོན་དུས་སློབ་སྐྱོར”གྱི་བྱེད་སྒོ་སྤེལ་རིང་སློབ་སྐྱོར་མ་དངུལ་སྒོར་ཁྲི་62.8སྤྲད་དེ་ལས་བཟོ་དབུལ་པོའི་བུ་ཕྲུག་190ལ་རོགས་རམ་བྱས་པར་སློབ་ཕྲུག་དང་ཁྱིམ་བདག་གི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “སྟོན་དུས་སློབ་སྐྱོར”གྱི་བྱེད་སྒོ་དེ་2002ལོར་ཐོག་མར་སྤེལ་ནས་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་དབུལ་སྐྱོར་ལས་དོན་དོ་དམ་མ་ལག་ཁོངས་ནས་ཡིག་ཚགས་ཡོད་པའི་ལས་བཟོ་དབུལ་པོའི་ཁྱིམ་ཚང་ཡིན་ཞིང་། དེའི་དམིགས་ཡུལ་ནི་སློབ་མ་དབུལ་པོ་སློབ་ཆེན་ལ་འགྲོ་རྒྱུའི་འདུན་པ་འགྲུབ་པར་རོགས་རམ་བྱ་རྒྱུ་དེ་ཡིན། དེ་ཡང་འཚོ་བར་དཀའ་ངལ་ཆེ་བའི་ལས་བཟོའི་ཁྱིམ་ཚང་གི་ཡོང་སྒོའི་གནས་ཚུལ་དང་ཐོབ་ཐང་ལ་གཞིགས་ནས་འཚོ་བར་དཀའ་ངལ་ཆེ་བའི་མ་མཐའི་འཚོ་འགན་ལས་བཟོའི་བུ་ཕྲུག་དང་། མ་མཐའི་འཚོ་འགན་མཚམས་སུ་སླེབས་པའི་དུད་ཚང་དབུལ་པོའི་ལས་བཟོའི་བུ་ཕྲུག འཚོ་བར་དཀའ་ངལ་ཆེ་བའི་ཞིང་པ་ལས་མིའི་བུ་ཕྲུག་བཅས་རིགས་གསུམ་ལ་ཕྱེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།