འགོས་ནད་ཞེས་པ་ནི་ནད་ཀྱི་འབྱུང་རྩ་སྣ་ཚོགས་ཀྱིས་བསླངས་པའི་མི་དང་མི་དབར་དང་། སྲོག་ཆགས་དང་སྲོག་ཆགས་དབར། ཡང་ན་མི་དང་སྲོག་ཆགས་དབར་འགོས་ཁྱབ་འགྲོ་བའི་ན་ཚའི་རིགས་ཤིག་རེད།
གཙོ་བོ་ནི།
① མཁའ་རླུང་བརྒྱུད་འགོས་ཁྱབ་བྱེད་པའི་དབུགས་ལམ་གྱི་འགོས་ནད། དཔེར་ན། ཆམ་རིམས་དང་། གློ་གཅོང་། འགྲམ་པའི་གཉན་ཚད། སིབ་བི། བརྒྱ་གློ་སོགས་ཡིན།
② ཟས་སྐོམ་གྱི་རིགས་བརྒྱུད་ནས་འགོས་ཁྱབ་བྱེད་པའི་འཇུ་བྱེད་ལམ་གྱི་འགོས་ནད་ནི། དཔེར་ན། དུག་སྲིན་ཕྲ་མོའི་བཤལ་ནད། མཆིན་ཚད་ཀ་པ་སོགས་ཡིན།
③ དུག་སྦྲང་དང་ཁྲག་རྒྱུན་སོགས་བརྒྱུད་ནས་འགོས་ཁྱབ་བྱེད་པའི་ནད་གཞི་དཔེར་ན། མཆིན་ཚད་ཁ་པ་དང་། འདར་ནད། ཀླད་སྐྱི་ཁ་པའི་གཉན་ཚད་སོགས་རེད།
④ ལུས་པོའི་ཕྱི་ངོས་བརྒྱུད་འགོས་ཁྱབ་བྱུང་བའི་འགོས་ནད་དཔེར་ན། ཁྲག་འཇིབ་འབུ་ཕྲའི་ནད། མིག་འབྲུམ། ཁྱི་སྨྱོན་ནད། རྨ་ངན་དུག་མཆེད་སོགས་རེད།