དབུ་ཤོག>གསར་འགྱུར།
  • བརྟན་སྲུང་གི་སྟོབས་ཤུགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-11-23

    ཕྱོགས་གཅིག་ནས་སྨན་བཅོས་ཧུར་ཐག་བྱེད་པ་དང་ཕྱོགས་ཅིག་ཤོས་ནས་ལས་ཀ་ཧུར་བརྩོན་བྱེད་མཁན་གཅོང་ནད་ཕོག་པའི་ཝང་ཁྲེང་ཡོན་གྱིས་ལས་གནས་ཕལ་བའི་སྒང་དུ་སྙིང་རུས་ཆེན་པོ་ལ་བརྟེན་ནས་བརྟན་སྲུང་གི་སྟོབས་ཤུགས་ལ་འགྲེལ་བཤད་བརྒྱབ་པ་རེད།

    འབྲས་སྐྲན་གྱི་གྱིས་མནར་ཡང་ཁོང་གི་ཡི་ཐང་ཆད་མེད་པར་དེ་ལས་ལྡོག་སྟེ་བརྩོན་སེམས་ཀྱིས་ཁེངས། ཁོང་གིས་འཐབ་གྲོགས་ཚོ་དང་ཡུལ་གྲོགས་རྣམས་དང་མཉམ་དུ“རང་ཉིད་གཏིང་བརྗེད”ཀྱི་ངང་ནས་ལས་ཀའི་ཐད་བློ་རྩེ་གཅིག་ཏུ་སྒྲིམ་འདོད་པ་རེད། ཡུལ་ཤུལ་ས་མཐོ་དང་མཚོ་སྔོན་པོའི་འགྲམ་ངོགས་སུ་སྐད་གྲགས་མེད་པར་བརྟན་སྲུང་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་པ་ཕལ་བ་ཁོང་ལྟ་བུ་ནི་ད་དུང་མང་དུ་ཡོད། ཁོ་ཚོར་ཁྱིམ་ཚང་ཡོད་ལ་བརྩེ་དུང་ཡོད་ཁར་ལོ་ན་བགྲེས་པའི་ཕ་མ་ཡོད་ཅིང་། ལོ་ན་ཆུང་བའི་ཕྲུ་གུའང་ཡོད། ཁོ་ཚོས་ཀྱང་ཁྱིམ་མི་དང་ལྷན་སྡོད་ཀྱི་དུས་ཚོད་མང་ཙམ་ཡོད་རྒྱུར་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ས་མཐོའི་ཡུལ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ་དང་། ཚན་པའི་མི་ཉུང་བ། དོན་དག་མང་བ་བཅས་ཀྱི་དབང་གིས་ལས་གནས་གཅིག་མེད་ན་ཟུར་གཅིག“སྟོང”བའི་དཀའ་ངལ་ཡོད་པས། ཁོང་ཚོས་མི་སྒེར་གྱི་དཀའ་ངལ་ཁྱད་དུ་བསད་ནས་ཧུར་ཐག་འབད་འབད་བྱས་ཏེ་རང་ཉིད་ཀྱི་ལས་ཀ་ཡག་པོར་སྒྲུབ་དགོས་ཀྱི་ཡོད་ལ། ལོ་ངོ་མང་པོ་ཉིན་གཅིག་ལྟར་ལས་ལ་འབད་པ་ནི་རྒྱུན་རྣམ་དུ་གྱུར།

    ཝང་ཁྲེང་ཡོན་ངལ་བས་གཙེས་དྲགས་པས་ངལ་གསོ་རྒྱག་དགོས་ལ། འོན་ཀྱང་ཁོང་གིས་ཤུལ་དུ་བཞག་པ་ནི་རྒྱབ་གཟུགས་ཁེར་རྐྱང་ཙམ་མིན་པར་བསམ་པའི་སྟོབས་ཤུགས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།