
ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བྱམས་པ་གླིང་གྲོང་ཚོའི་སྣམ་བུ་འཐག་ཁང་ནི་2013ལོར་མ་དངུལ་སྒོར་ཁྲི་90བཏང་ནས་ལག་ལེན་བསྟར་བའི་ནོར་སྲིད་དབུལ་སྐྱོར་གསར་སྤེལ་གྱི་རྣམ་གྲངས་ཤིག་རེད། “གྲོང་ཚོ་ཨུ་ལྷན་དང་། ཆེད་ལས་མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་མཉམ་ལས”ཀྱི་རྣམ་པའི་ཐོག་ནས་གཉེར་སྐྱོང་དོ་དམ་བྱེད་པ་དང་། 2014ལོར་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་28ལ་ཁེ་འབབ་སྒོར་ཁྲི་13བྱུང་བ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་4600ཡན་བྱུང་བ་མ་ཟད། ད་དུང་ཡུལ་དེའི་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་30ཡི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་ཅིང་། འདི་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བྱམས་པ་གླིང་གྲོང་ཚོའི་སྣམ་བུ་འཐག་ཁང་གི་ལས་མིས་སྣམ་བུ་འཐག་པའི་གནས་ཚུལ་ཡིན་པ།