
རང་ལྗོངས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་བཏང་བ་ལས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གཡུར་ཟའི་འབྲས་བུ་ལོངས་སྤྱོད་ཐུབ་ཡོད། ད་ཆ་གྲོང་ཚོའི་ནང་ལམ་སྒྲོན་དང་། ཨར་འདམ་ལམ། མཛེས་སྡུག་ལྡན་པའི་ཁང་གསར་བཅས་ཡོད་ལ། ཁྱིམ་ནས་དོན་མ་ཐག་སྨན་ཁང་དང་སྒོ་རྩིས་ཚོང་ཁང་ཡོད་པས་འཚོ་བའི་ཐད་ཧ་ཅང་སྟབས་བདེ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གྲོང་ཁྱེར་གྱི་མི་དམངས་དང་ཧེ་བག་མེད་ཅིང་། འདི་ནི་རྨང་གཞིའི་སྒྲིག་བཀོད་གང་དགོས་འཛོམས་པ་དང་ཆུ་དང་། གློག དྲ་རྒྱ་བཅས་ཤར་གཏོང་ཐུབ་པའི་མངའ་རིས་ས་ཁུལ་སྒར་རྫོང་བདེ་མཆོག་གྲོང་ཚོའི་ཕྲུ་གུ་ཚོས་ལུས་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།