དབུ་ཤོག>གསར་འགྱུར།
  • རང་རྒྱལ་གྱིས་དྲོད་ཁང་རླངས་གཟུགས་དོ་དམ་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མར་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-11-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་དྲོད་ཁང་རླངས་གཟུགས་དོ་དམ་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མར་ཁྱབ་བསྒྲགས་བྱས་པ་དེའི་ནང《བཟོ་ལས་ཁེ་ལས་དང་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་ཀྱི་ཀུན་འཐུས་སྒྲིག་སྲོལ》དང་དེ་བཞིན་གློག་འདོན་དང་། ལྕགས་དང་ངར་ལྕགས། རྫས་འགྱུར་བཟོ་ལས། ཨར་འདམ་སོགས་གནད་ཆེའི་ལས་རིགས་བཅུའི་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཀྱི་ཞིབ་རྩིས་བྱེད་ཐབས་དང་སྙན་ཞུའི་བླང་བྱ་ཚུད་ཡོད་པ་དང་གོང་གསལ་གྱི་ཚད་གཞི་དེ་དག་ཕྱི་ལོའི་ཟླ་6ཚེས་1ཉིན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    《བཟོ་ལས་ཁེ་ལས་དང་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་ཀྱི་ཀུན་འཐུས་སྒྲིག་སྲོལ》ནང་བཟོ་ལས་ཁེ་ལས་ཀྱི་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཀྱི་ཞིབ་རྩིས་དང་སྙན་ཞུའི་ཞིབ་ཕྲའི་རྩ་དོན་དང་། ཞིབ་རྩིས་དབྱེ་འབྱེད། ལས་ཀའི་གོ་རིམ། ཞིབ་རྩིས་བྱེད་སྟངས་དང་བྱེད་ཐབས། སྤུས་ཚད་འགན་ལེན། སྙན་ཞུའི་ནང་དོན་བཅས་ནང་དོན་གལ་ཆེན་དྲུག་གཏན་འབེབས་བྱས་པ་རེད།

    རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱིན་མིང་ཧན་གྱིས་ངོ་སྤྲོད་བྱས་པར་གཞིཌ་ན། གསར་དུ་ཁྱབ་བསྒྲགས་བྱས་པའི་ཚད་གཞི་དེས་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཀྱི་ཚད་གཞི་མི་འདང་བ་དང་ཞིབ་རྩིས་བྱེད་སྟངས་གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས། ཁེ་ལས་ཀྱིས་ཚད་གཞིའི་ནང་མཁོ་འདོན་བྱས་པའི་བྱེད་ཐབས་གཞིར་བཟུང་དྲོད་ཁང་རླངས་གཟུགས་ཕྱིར་འབུད་བྱེད་ཚད་ཞིབ་རྩིས་བྱེད་པ་དང་ཁེ་ལས་ཀྱི་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཀྱི་སྙན་ཞུ་འབྲི་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།