དབུ་ཤོག>གསར་འགྱུར།
  • གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་ནས་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-11-21

    ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་2015ལོའི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོར་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་གྲྭ་བཙུན་བཅས་ཀྱིས་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བའི་སྤྲོ་སེམས་འཕེལ་ཐུབ་པ་དང་། རང་ལྗོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས་། དགོན་སྡེ་ཞི་མཐུན་བཅས་སྔར་བས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད།

    དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་དང་མཛུབ་ཁྲིད་མཛད་ཕྱོགས་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པ་ཞིག་ཡིན་པ་རེད། གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་བསྟུན་ནས་ལྗོངས་ཡོངས་ཀྱི་དགོན་སྡེའི་དོ་དམ་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ། དགོན་སྡེའི་གྲྭ་བཙུན་གྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱུང་ནས་རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲོ་སེམས་འཕེལ་ཐུབ་པ་བྱུང་བ་དང་། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ལ་སྐུལ་མ་ཐེབས་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོའི་ཁས་ལེན་གང་ལེགས་ཐོབ་པ། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་དང་སྤྱི་ཚོགས་ལས་རིགས་ཁག་གི་བརྩི་བཀུར་དང་དགའ་བསུ་ཡོངས་ཁྱབ་ངང་ཐོབ་ཡོད།

    དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ཀྱི་གཞི་རྩ་དམ་འཛིན་བྱས་པ་དེས་མིག་སྔར་ཕན་པ་ཐོབ་པ་དང་ཕུགས་ལ་ཕན་འདོགས་ཐུབ་པ་བྱུང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཤུགས་ཆེན་སྒྲུབ་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་མ་གཏོང་བ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཐུབ་པ་བྱེད་པའི་བླང་བྱ་གཞིར་བཟུང་སྡོམ་ཁྲིམས་དང་བསྟན་དོན་ལ་འགྲེལ་པ་བྱེད་དགོས་པའི”ནན་བཤད་བྱས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་ངེས་པར་དུ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བཅས་ཀྱི་ཐད་ཐབས་ཇུས་གལ་ཆེན་བཀོད་པ་ཞིག་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་ཐོབ་པ། རྨང་གཞི་བརྟན་གཏོང་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་རྩ་དོན་རང་བཞིན་གྱི་འགག་རྩའི་བྱ་ཐབས་ཤིག རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པའི་རྩ་བཅོས་ཐབས་ཇུས་ཤིག ཏང་གི་ཆོས་དད་རང་མོས་སྲིད་ཇུས་དང་། ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བྱེད་ཐབས་གལ་ཆེན་ཞིག དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཐུབ་པར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ནུས་ལྡན་དམ་འཛིན་བྱ་གཞི་ཞིག་ཡིན་ལ“ནན་གསུམ་དྲང་གསུམ”གྱི་བླང་བྱ་དོན་འཁྱོལ་གྱིས་ཆོས་ལུགས་ལས་དོན་དང་དགོན་སྡེའི་ལས་དོན་གྱི་དམིགས་བསལ་ལས་གནས་དེ་ལས་བྱེད་པར་སྦྱོང་བརྡར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད།

    རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ནི་གཏོད་འདེམས་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཞིག་དང་། དངོས་སུ་སྐུལ་འདེད་གཏོང་མཁན་ཞིག ཐད་ཀར་ཞུགས་མཁན་ཞིག་བཅས་རེད། དོན་དངོས་ལས་ར་སྤྲོད་བྱུང་དོན། ལས་བྱེད་པ་དགོན་སྡེར་བཅའ་སྡོད་ལས་དོན་གྱི་རྒྱུན་རྣམ་ཅན་དང་། ཕུགས་ཕན་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་མ་གཏོང་རྒྱུ་དེ་ནི་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། གྲྭ་དམངས་ཀྱི་འདོད་མོས་དང་བསྟུན་པ་བཅས་རེད། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། ལས་ཀའི་སྤྱོད་ཚུལ་ལེགས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ཆོས་ལུགས་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་གྱི་ལས་དོན་བཅས་ཡག་པོ་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ་དང་། སློབ་གསོའི་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་གཏོང་སྟངས་གསར་གཏོད། སློབ་གསོའི་ཕན་འབྲས་ལ་སྣང་ཆེན་བཅས་བྱས་ཏེ་གྲྭ་བཙུན་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ། དོ་དམ་གྱི་འདུ་ཤེས་གསར་གཏོད་དང་དོ་དམ་བྱ་ཐབས་ལེགས་སུ་གཏོང་བ་དང་། ཁྲིམས་ལྟར་དོ་དམ་དང་དམངས་གཙོའི་དོ་དམ་དང་སྤྱི་ཚོགས་དོ་དམ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དོན་དངོས་དང་མཐུན་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་དགོན་སྡེའི་དོ་དམ་གྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། དོ་དམ་དང་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་དང་ཞབས་ཞུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བསམ་པ་རྣམ་དག་གིས་གྲྭ་བཙུན་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་ཕན་འབྲས་ལོངས་སྤྱོད་ཐུབ་ནས་དེའི་ནང་ཞུགས་ཚད་དང་ཕན་འབྲས་མྱོང་ཚོར་ཐུབ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ནི་ཆོས་ལུགས་ལས་དོན་པ་དང་རིག་གནས་ལས་དོན་པ་ཕུལ་བྱུང་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་སྤེལ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་བཟང་དང་། སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་བཟང་། ཞི་མཐུན་ལ་སྐུལ་འདེད་གཏོང་མཁན་གྱི་དཔེ་བཟང་། ཤེས་རྒྱ་གཏིང་ཟབ་པའི་དཔེ་བཟང་། རྒྱལ་སྲུང་དམངས་ཕན་གྱི་དཔེ་བཟང་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཐོག་ནས་སྡོམ་ཁྲིམས་དང་བསྟན་དོན་ལ་འགྲེལ་པར་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཁྲོད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

    དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་པའི་བྱེད་སྒོ་དེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་དང་འབྲེལ་བ་ཡོད་པ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ནི་མ་ལག་འདུ་འགོད་ཅིག་དང་། རྨང་གཞིའི་འདུ་འགོད་ཅིག དམངས་སེམས་འདུ་འགོད་ཅིག་བཅས་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྡེ་ཚན་ཁག་དང་ཚན་པ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། ཁྲིད་སྟོན་པ་ཡག་པོ་ཞིག་བྱེད་པ། རྣམ་པ་ཟབ་མོ་ཞིག་བཏོད་པ་བཅས་བྱས་ཏེ་གཏོད་འདེམས་བྱེད་སྒོ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་ཕུགས་ཕན་ལམ་སྲོལ་ཆགས་པ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་དྲང་ནུས་ཆེན་པོ་ཞིག་གཅིག་ཏུ་འདུས་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།