དགུན་དུས་མི་རྣམས་ཀྱིས་བཟའ་བཏུང་ཚ་པོ་སྤྱོད་པ་ལས་གྲང་མོའི་རིགས་སྤྱོད་པ་ཧ་ཅང་ཉུང་ཉུང་རེད།དགུན་དུས་བཟའ་བཏུང་ཚ་པོ་ཁོ་ན་སྤྱོད་པ་ལས་གྲང་མོ་རྩ་བ་ནས་མི་སྤྱོད་པའི་དགོས་པ་དེ་ཙམ་མེད།དེ་ཡང་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་བཟའ་བཏུང་གྲང་མོའི་རིགས་འོས་འཚམ་སྤྱད་ཚེ་དེ་ཡང་ལུས་གསོ་བའི་ཐབས་ཤེས་བཟང་པོ་ཞིག་ཡིན།
དགུན་དུས་ཕོ་རྒྱུ་བདེ་ཐང་ཡིན་པ་རྣམས་ཀྱིས་ཟས་རིགས་གྲང་མོ་འོས་འཚམ་བཟའ་བ་དང་ཆུ་གྲང་མོ་འོས་འཚམ་འཐུང་བ་ཡིན་ན་གཟུགས་པོར་མ་གནོད་ཁར་ད་དུང་ཕན་ཐོགས་ཡོད་པ་རེད།དགུན་དུས་མི་རྣམས་ཀྱིས་བཟའ་བཏུང་ཚ་པོ་བེད་སྤྱོད་བྱེད་མང་བ་དང་ད་དུང་ཁང་པའི་ཕྱིར་གྲང་ངར་ཡོད་རུང་ཁང་པའི་ནང་དུ་དྲོ་ཇུས་བྱེད་པ།གྱོ ན་གོས་ཐུག་པོ་གྱོ ན་པ་བཅས་ཀྱིས་མིའི་གཟུགས་པོར་དྲོད་ཚད་ཅུང་ཆེ་རུ་ཕྱིན་ནས་ཕོ་བ་དང་གློ་བའི་དྲོད་ཚད་རྒྱས་ནས་དབུགས་ལམ་དང་ཕོ་རྒྱུའི་ནད་ན་བའི་ཉེན་ཁ་ཡོད།དེའི་སྐབས་སུ་ལ་ཕུག་གྲང་མོ་དང་པད་སྡོང་གི་གྲང་ཚལ་རིགས་ཟས་ན་ལེགས།དགུན་དུས་གྲང་ཚལ་ཟས་ན་གཟུགས་པོ་སྐམ་དུ་གཏོང་རྒྱུར་ཡང་ཕན་པ་ཡོད།དེ་མིན་དགུན་དུས་ཆུ་གྲང་མོ་འཐུང་ན་ཆམ་ནད་སྔོན་འགོག་ལ་ཕན་པ་དང་ལྷག་པར་དུ་ཞོགས་པ་ལྟོ་སྟོང་ལ་ཆུ་གྲང་མོ་བཏུང་ན་མཆིན་པའི་དུག་སེལ་ལ་ཕན་པ་དང་མཁལ་མ་གཙང་འཁྲུ་བྱེད་པར་ཕན་ཐོགས་ཏེ་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་ཁྲག་འཁོར་རྒྱུག་བཟང་བ་སོགས་ལ་ཕན་པོ་ཡོད།