དབུ་ཤོག>གསར་འགྱུར།
  • བརྩེ་སེམས་བཅངས་ནས་དམངས་ཀྱི་དཀའ་ངལ་སེལ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-20

    འདི་ལོ་ཤར་ཚུན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཏང་ཨུད་ཀྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི་ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཕྱོགས་སྡོམ་དང་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་འདུའི་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་བཅའ་སྡོད་ལས་དོན་རུ་ཁག་བཞིས་གྲོང་ཚོར་བཅའ་སྡོད་ལས་འགན་ལེགས་པར་བསྒྲུབས་པ་དང་། ས་གནས་དེ་གའི་གནས་ཚུལ་བརྟག་ཞིབ་གཏིང་ཟབ་བྱས་པ། དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་པར་བྱ་བ་བཟང་པོ་དང་བྱ་བ་དངོས་མང་པོ་ཞིག་བསྒྲུབས་པར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་མགྲིན་གཅིག་ཏུ་བསྔགས་བརྗོད་ཐོབ་ཡོད་པ་རེད།

    ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་མཁར་རྫོང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཤིང་། ལས་དོན་རུ་ཁག་གྲོང་ཚོ་ཁག་ཏུ་བཅའ་སྡོད་བྱས་རྗེས། དེ་གོང་བཅའ་སྡོད་བྱེད་མཁན་ལས་དོན་རུ་ཁག་གིས་ལས་དོན་མང་པོ་ཞིག་བསྒྲུབས་པའི་རྨང་གཞིའི་ཐོག ས་གནས་དེ་གའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་ལ་དོ་དམ་གྱི་ལས་དོན་ལ་མུ་མཐུད་ཤུགས་བརྒྱབ་ནས། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། སྐུ་རི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྐབས་གསར་པའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་རྗེས། གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཚན་ཁག་གི་ལས་འགན་ཁག་བགོས་ཞིབ་ཕྲ་བྱས་པ་དང་། འགན་འཁྲི་ཁ་གསལ་བཟོས་པ་མ་ཟད། ད་དུང་ཚན་ཁག་ལ་དོ་དམ་བྱེད་པའི་ཁྱོན་ཡོངས་ཀྱི་ཆུ་ཚད་ཀྱང་མཐོ་རུ་བཏང་ཡོད། སྤྱོར་ཡོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་གྱི་ཆབ་སྲིད་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་རྒྱལ་དར་སྒྲེང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཏང་གི་ཕུགས་བསམ་དད་སེམས་བརྟན་དུ་བཏང་བ་རེད།

    བརྟན་ལྷིང་སྲུང་སྐྱོང་ལས་དོན་རང་འགུལ་ངང་སྤེལ་ནས་སྤྱི་ཚོགས་མུ་མཐུད་བརྟན་ལྷིང་ཡོང་བར་བྱས་ཤིང་། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། ཟླ་བ་གསུམ་པའི་ཚོར་བ་རྐྱེན་པའི་དུས་སྐབས། ཡུན་ནན་གྱི་ཁ་བ་དཀར་པོའི་གནས་མཇལ་བྱེད་སྒོ་བཅས་ཀྱི་རིང་། སྐུ་རི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནོན་ཤུགས་ཆེ་བ་ཁྱད་བསད་ཀྱིས་བཅའ་སྡོད་བྱ་ཡུལ་དུ་ལས་རེས་མཐའ་འཁྱོངས་བྱས་པ་དང་། དུད་ཚང་ཚང་མར་བསྐྱོད་ནས་ནང་མིའི་གནས་ཚུལ་ཤེས་རྟོགས་བྱས་པ། ཉིན་མཚན་མེད་པར་སྐོར་གཡེང་དུ་སྐྱོད་མཁན་བཀོད་སྒྲིག་བྱས་ནས་སྐུ་རི་གྲོང་ཚོ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་པ་རེད། སྤྱོར་ཡོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་སྐོར་སྐྱོད་གྲྭ་བཙུན་མང་བའི་གནས་ཚུལ་ལ་དམིགས་ཏེ་དུད་ཚང་རེ་རེ་བཞིན་གྲལ་བཤེར་དང་། མངོན་གསལ་དུ་རྟོག་ཞིབ། མངོན་ཆུང་དུ་རྩད་གཅོད་སོགས་ཀྱི་ཐབས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ལེགས་པར་བསྒྲུབས་ཡོད། གཞན་ཡང་གྲོང་ཚོའི་མཉམ་འབྲེལ་འགོག་སྲུང་རུ་ཁག་དང་གྲོང་སྲུང་རུ་ཁག་བཙུགས་པ། གྲོང་ཚོ་དེའི་བརྟན་ལྷིང་སྲུང་སྐྱོང་མི་སྣའི་ལས་རེས་རེའུ་མིག་བཟོས་ཏེ་གྲོང་ཚོར་བཅའ་སྡོད་མི་སྣ་དང་གྲོང་ཚོའི་ལས་བྱེད་པས་རེས་མོས་ཀྱིས་ལས་རེས་བྱས་པ་བཅས་ཀྱིས་དོགས་ཡོད་མི་སྣ་དང་ཐོལ་བྱུང་དོན་རྐྱེན་དོགས་ཟོན་སྔོན་འགོག་བྱས་ཡོད་པ་རེད།

    དྲིལ་བསྒྲགས་སློབ་གསོའི་ལས་དོན་ཤུགས་ཆེན་སྤེལ་ནས་ཞིང་འབྲོག་པའི་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱས་ཤིང་། སྐུ་རི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་དཔེ་དེབ་དང་སྒྲ་བརྙན་དཔྱད་གཞིའི་ཡིག་རིགས་མངགས་ཉོ་བྱས་ཏེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་སྤྲད་པ་མ་ཟད། ད་དུང་འཚམས་འདྲི་བྱེད་རིང་སྒྲུང་གཏམ་ཤོད་པར་བརྟེན་ནས་ཚང་མར་ཤེས་དཔལ་ལ་སྣང་ཆེན་དང་། ཡ་རབས་སྤྱོད་བཟང་ལ་སྣང་ཆེན། མེས་རྒྱལ་ལ་དགའ་ཞེན། ཁྱིམ་གཞིས་ལ་དགའ་ཞེན། རྒན་བཀུར་བྱིས་སྐྱོང་། ཉེ་འཁོར་གྱི་སྤྱི་པའི་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་དགོས་པའི་སློབ་གསོ་ཡང་བརྒྱབ་ཡོད། སྤྱོར་ཡོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་དང་། གྲྭ་བཙུན་དང་གྲོང་མིར་ཏང་གི་བཀའ་དྲིན་ཚོར་ཤེས་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཏང་དང་མེས་རྒྱལ་ལ་དགའ་ཞེན། སྒྲིག་བཀུར་ཁྲིམས་སྲུང་བཅས་བྱེད་དགོས་པའི་སློབ་གསོ་བརྒྱབ་ལ་ཁྲིད་སྟོན་ཡང་བྱས་ཡོད་པ་རེད།

    དམངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་དཀའ་ངལ་དངོས་སེལ་རོགས་ཧུར་ཐག་བྱས་ཤིང་། སྐུ་རི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གྲོང་ཚོ་ཡོངས་ལ་འབྲས་དང་། གྲོ་ཞིབ། བཟའ་སྣུམ་སོགས་སྒོར་20640རི་བའི་དངོས་རྫས་ཉོས་ནས་སྤྲད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ད་དུང་དངུལ་སྒོར་3000ལྷག་ཙམ་གྲབས་གསོག་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིར་བསྐྱོད་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། ཁོང་ཚོར་དགའ་སྐྱིད་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་རྒྱུ་ཡོང་བ་བྱས་པ་རེད། གྲོང་ཚོ་དེའི་བགྲེས་སོང་བསོད་ནམས་ནི་ད་ཆ་ལོ་མཐོ་པོ་ཡིན་པའི་ཁར། ངལ་རྩོལ་ནུས་ཤུགས་མེད་ལ་དཔལ་འབྱོར་ཡོང་ཁུངས་ཀྱང་མེད་པའི་མི་ཧྲེང་རྒན་རྒོན་ཞིག་རེད། རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་གྲོང་ཚོར་བཅའ་སྡོད་བྱེད་རིང་བགྲེས་སོང་དེར་ཟླ་རེར་འཚོ་བའི་དངུལ་སྒོར་400དང་སྒོར་300སོ་སོར་སྤྲད་ནས་འཚོ་བའི་དཀའ་ངལ་སེལ་རོགས་བྱ་རྒྱུའི་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།