གཅིག ཟངས་ཆས་ལ་གཡའ་འཁོར་སྐབས་ཚྭ་ཆུ་བྱུགས་ནས་འཕྱིས་ན་དག་གི་ཡོད།
གཉིས། ཚྭ་ཆུའི་ནང་དཀར་ཡོལ་བཙོས་ནས་བེད་སྤྱོད་བྱས་ན་ཆག་སླ་པོ་མེད།
གསུམ། ཚོས་མདོག་ལོག་སླ་བའི་གྱོན་གོས་འཁྲུ་སྐབས། ཆུའི་ནང་ཚྭ་ཏོག་ཙམ་བླུགས་ནས་བཀྲུས་ན་གྱོན་གོས་ཀྱི་ཚོས་གཞི་ལོག་པ་འགོག་ཐུབ།
བཞི། གུང་ལ་ཕུག་ཞིབ་མོ་བཏུབ་ནས་དེའི་ནང་ཚྭ་བསྲེས་ཏེ་གྱོན་གོས་ཀྱི་ཁྲག་རྗེས་འཕྱིས་ན་དག་ཐུབ།
ལྔ། སྒོང་ལྤགས་ཆག་པའི་སྒོ་ང་བཙོ་སྐབས། ཆུའི་ནང་ཚྭ་ཏོག་ཙམ་བླུགས་ནས་བཙོས་ན་དཀར་སྤྲི་ཕྱིར་དོན་གྱི་མེད།
དྲུག སྣུམ་ལ་ཟས་རིགས་སྲེག་སྐབས། ཚྭ་ཕྲན་ཙམ་བླུགས་ན་སྣུམ་ཕྱིར་ལུས་ཀྱི་མེད།
བདུན། གཟུགས་པོ་འཁྲུ་སྐབས་ཆུའི་ནང་ཚྭ་ཏོག་ཙམ་བླུགས་ན་པགས་ནད་བཅོས་ཐུབ་ཀྱི་ཡོད།
བརྒྱད། ཆུ་ཁོལ་གྱིས་འཚིགས་པའི་པགས་པའི་སྟེང་ཚྭ་ཆུ་བྱུགས་ན་ན་ཟུག་ཆུང་དུ་གཏོང་ཐུབ།
དགུ། ཞོགས་པ་ཚྭ་ཕྲན་ཙམ་བླུགས་པའི་ཆུ་བཏུང་ན་བཙོག་པ་འབབ་བདེ་པོ་ཡོད།
བཅུ། ཚྭ་ཆུས་འཁྱག་སྦོས་ཐེབས་ས་བཀྲུས་ན་ཟ་འཕྲུག་འཇགས་ཐུབ།