དབུ་ཤོག>གསར་འགྱུར།
  • དམ་བཅའ་སེམས་སུ་བཞག དམངས་ཕན་བྱ་བཟང་སྒྲུབ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-20
    “ཨ་ཁུ་ལགས་ཐུགས་རྗེ་ཆེ། ཁྱེད་ཚོས་ཕྲུ་གུ་ཚོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རིང་མིན་གོང་། ལྷ་ས་པེ་ཅིང་སློབ་ཆུང་གི་དགེ་སློབ་བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་གཞུང་དོན་ས་ཚིགས་སུ་བསྐྱོད་དེ“དབུལ་སྐྱོར་ཉེན་སྐྱོབ། ཁ་ཚ་དགོས་གཏུགས་ཀྱི་རོགས་རམ”ཞེས་པའི་གོས་དར་བསྐྱལ་ནས་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    ལས་དོན་རུ་ཁག་བཅའ་སྡོད་བྱས་པ་ནས་བཟུང་། ལྷ་ས་པེ་ཅིང་སློབ་ཆུང་དུ་སློབ་མ་དབུལ་པོའི་འཚོ་བར་སེམས་ཁུར་བྱེད་པའི་བྱེད་སྒོ་ཐེངས་མང་སྤེལ་ཞིང་། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་རིམ་བཞིན་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་། པེ་ཅིང་སློབ་ཆུང་། སྡེ་ཁུལ་གྱི་ཉེན་རྟོག་པ་དང་ས་གནས་མཉམ་སྐྲུན་ཚན་པའི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གི་རུ་ཆེན་ལྔ་པའི་རུ་འབྲིང་ཉེར་བཞི་པ་བཅས་དང་མཉམ་འབྲེལ་ཐོག“དམག་དམངས་ལག་གདང་སྦྲེལ། སྡེ་ཁུལ་སློབ་གྲྭར་བསྐྱོད”ཅེས་པའི་རིག་རྩལ་འཁྲབ་ཚན་ཆེ་གྲས”འཁྲབ་པ་དང་འབྲེལ། པེ་ཅིང་སློབ་ཆུང་ཡོངས་ཀྱི་སློབ་མར་འཚམས་འདྲི་ཡང་བྱས་པ་རེད། པེ་ཅིང་སློབ་ཆུང་གི་ཁྱིམ་ཚང་དབུལ་པོའི་སློབ་མའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དུས་མཚུངས་ཏང་དང་སྲིད་གཞུང་གིས་ཁྱིམ་ཚང་དབུལ་པོའི་སློར་མར་དྲོ་སྐྱིད་ཚོར་བ་བྱ་ཆེད། ལས་དོན་རུ་ཁག་གིས་པེ་ཅིང་སློབ་ཆུང་གི་ཁྱིམ་ཚང་དབུལ་པོའི་སློབ་མ་10ལ་འཚམས་འདྲི་བྱས་པ་རེད།

    “ལས་དོན་རུ་ཁག་ཡིན་པའི་ངོས་ནས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་ཡག་པོ་སྒྲུབ་རོགས་བྱས་ཏེ་དཀའ་ངལ་སེལ་རོགས་བྱེད་དགོས་པ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་དགོས་ཀྱི་རེད”ཅེས་ལས་དོན་རུ་ཁག་གི་འགན་ཁུར་བས་གསར་འགོད་པར་བཤད།

    གཞན་ཡང་ལས་དོན་རུ་ཁག་གིས་སྡེ་ཁུལ་དང་མཐུན་སྦྱོར་བྱས་ཏེ་བཅིངས་འགྲོལ་དམག་གི་འཕྲོད་བསྟེན་རུ་ཁག་ཞིག་དང་འབྲེལ་བ་བྱས་ནས་སྐལ་བཟང་གླིང་ཁའི་ཁུལ་ཆུང་གི་སྒོ་འགྲམ་དུ་འཕྲེད་འགེལ་སྦྱར་ཡིག་བཀལ་ཏེ་སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། བཅིངས་འགྲོལ་དམག་གི་འཕྲོད་བསྟེན་རུ་ཁག་གི་སྨན་སྐྱོང་ལས་དོན་མི་སྣས་སེམས་རྩ་འཁོལ་པོས་མང་ཚོགས་ལ་ན་ཚ་ལྟ་བ་དང་། ཁྲག་ཤེད་ལྟ་བ། དྲག་སྐྱེད་མཛུབ་ཁྲིད་བྱེད་པ། སྨན་རིན་མི་དགོས་པར་སྨན་རྫས་སྣ་ཚོགས་སྤྲད་པ་བཅས་དང་སྦྲགས། སྨན་གཏོང་སྟངས་དང་ཡིད་གཟབ་བྱེད་དགོས་པའི་དོན་དག་བཅས་མངག་བྱ་ནན་པོ་བྱས་ཏེ་གྲོང་མི་ཚོར་ཉིན་རེའི་བདེ་སྲུང་གི་ཤེས་བྱ་ཡང་ངོ་སྤྲོད་བྱས་པ་རེད། ལས་དོན་རུ་ཁག་གི་རུ་མི་དང་སྡེ་ཁུལ་གྱི་ལས་དོན་པས་རྒྱ་ལམ་འགྲུལ་པ་དང་། གྲོང་མི། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་བཅས་ལ《ནད་གཞི་སྔོན་འགོག》དང《སྡེ་ཁུལ་ཚགས་པར》སོགས་དཔྱད་ཡིག་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།