དབུ་ཤོག>གསར་འགྱུར།
  • སྲིད་ཇུས་བཟང་པོའི་སྦྲང་ཆར་ལས། “རིག་གནས་སྡོང་རྒན་”འཚར་ཞིང་རྒྱས་།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-20

    ལོ་མང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“སྲུང་སྐྱོབ་གཙོར་བཟུང་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང། “སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཞུགས་པ། འགན་འཁྲི་ཁ་གསལ་བཟོ་བ་། མཉམ་ཤུགས་ཆགས་པ། ཕུགས་ཀྱི་འཆར་གཞི་འགོད་པ། རིམ་དབྱེ་ལག་བསྟར། གནད་ཁྱོན་ཟུང་འབྲེལ། དངོས་ཕན་དོན་གཉེར”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བྱ་ཐབས་ཤུགས་ཆེར་གཏོང་བ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་སྟབས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    འགན་ལེན་ཤུགས་ཆེན་བྱས། རྨང་གཞི་བརྟན་དུ་བཏང་།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ལོ་མཇུག་བར། གཞིས་རྩེ་གྲོང་ཁྱེར་དུ་ཁྱོན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་1དང་ས་ཚིགས་3དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་17དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་10རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་རྣམ་གྲངས་52དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་48 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་135དང་དམངས་ཁྲོད་ཀྱི་ལས་ཞོར་ལྷ་མོ་རུ་ཁག་72 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ལྟེ་གནས་1དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་རྟེན་གཞི་2བཅས་ཡོད།

    “2005ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྲུང་སྐྱོབ་ཚན་པ་དང་མི་སྒེར་དབར་ལ་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་དང་སྲུང་སྐྱོབ་གྲོན་དངུལ་དོན་འཁྱོལ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཁྲེང་ཀང་གིས་གསར་འགོད་པར་བཤད། 2014ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲུང་སྐྱོབ་ཀྱི་གྲོན་དངུལ་སྒོར་ཁྲི་1532.9དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁ་གསབ་གྲོན་དངུལ་སྒོར་ཁྲི་58དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁ་གསབ་གྲོན་དངུལ་སྒོར་ཁྲི་87.5དམངས་ཁྲོད་ཀྱི་ལས་ཞོར་ལྷ་མོ་རུ་ཁག་སྲུང་སྐྱོབ་ཀྱི་གྲོན་དངུལ་སྒོར་ཁྲི་300བཅས་དོན་འཁྱོལ་བྱས་ཡོད།

    2014ལོ་ནས་བཟུང་། གཞིས་རྩེས་ས་ཁུལ་གྲོང་ཁྱེར་དུ་འགྱུར་བའི་གོ་སྐབས་གསར་པར་དམ་འཛིན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་དེ་ཚན་རིག་ཅན་དང་། ཚད་ལྡན་ཅན། རྒྱུན་གཏན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། “གྲོང་ཁྱེར་རིག་གནས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག 《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲོང་ཁྱེར་རིམ་པའི་མིང་གཞུང་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི》དང《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་རིགས་གཅིག་མཁས་ཅན་ཨུ་ལྷན་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོ་འགོད་བྱས་པ་མ་ཟད། ཨུ་ཡོན་ལྷན་ཁང་གི་མིང་ཐོ་ཡང་གཏན་འཁེལ་རགས་ཙམ་བྱས་ཡོད”ཅེས་ཀྲའོ་ཁྲེང་ཀང་གིས་ངོ་སྤྲོད་བྱས།

    བྱ་ཐབས་དོན་འཁྱོལ་བྱས། སྲུང་སྐྱོབ་བྱེད་ཤུགས་ཆེ།

    “ལོ་ཤས་གོང་། གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཡོངས་བཤེར་རུ་ཁག་སྒྲིག་འཛུགས་བྱས་ཏེ་རྫོང(གྲོང་ཁྱེར་དང་ཆུས)18དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་པར་ལེན་དང་དཔྱད་གཞི་བསྡུ་རུབ་བྱས་ཡོད”ཅེས་ཀྲའོ་ཁྲེང་ཀང་གིས་དཔྱད་གཞིའི་ཡིག་རིགས་མང་དག་ལ་མཛུབ་མོ་བཙུགས་ཏེ་བཤད། གསར་འགོད་པས་བསྡོམས་རྩིས་གཞི་གྲངས་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་བྱས་པའི་སྐར་མ་27200ཟིན་པའི་བརྙན་པར་གྱི་དཔྱད་གཞི་དང་། པར་རིས་ཀྱི་དཔྱད་གཞིའི་ཡིག་ཆ་3500 ཡིག་འབྲུ་ཁྲི་320ཟིན་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཟིན་བྲིས་བཅས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འོས་སྦྱོར་དང་རེ་ཞུ་ཐེངས་270བྱེད་རྒྱུའི་ལས་དོན་གཙོ་གནད་རང་བཞིན་གྱི་སྒོ་ནས་ལེགས་སྒྲུབ་བྱས་པ་བཅས་མཐོང་བྱུང་།

    ལོ་མང་རིང་གི་ཡོངས་བཤེར་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་ཀྱི་ལས་དོན་སྤེལ་བ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱིས་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་གྲུབ་འབྲས་ཀྱི་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་ངང་པར་སྐྲུན་བྱས་ཡོད། 2007ལོར་སྒྲིག་བཟོ་དང་པར་སྐྲུན་བྱས་པའི《ཧི་མ་ལ་ཡའི་མཛེས་ལྗོངས》ཞེས་པ་དེ་ཕུད། 2012ལོར་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲུབ་འབྲས་དཔེ་དེབ《གཙང་གི་ཡུལ་སྲོལ་གོམས་འདྲིས》དེ་བཞིན《ལྷ་མོའི་འབྱུང་ཁུངས་དང་སྒྱུ་རྩལ་གྱི་ལྷ་ཡུལ——ལྷ་མོའི་གཞུང་ཆེན་པོ་གསུམ་གྱི་གསུང་རྩོམ་གཅེས་བསྡུས》DVDཆ་ཚང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིནདང་མྱུར་སྐྱོབ་རང་བཞིན་གྱི་ཟིན་འགོད་དཔྱད་གཞིའི་ཡིག་ཆ《རྒྱང་མཁར་ལྷ་མོའི་རྒྱུན་འཛིན་པ—— ཚེ་རིང》ཞེས་པ་བཅས་པར་སྐྲུན་བྱས་པ་རེད།

    2014ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྫོང(ཆུས)རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་ཁྱོན་135རིམ་བཞིན་བཙུགས་ཤིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་ཅིག་བསྐྲུན་པས། ཅུང་འཐུས་སྒོ་ཚང་བའི་སྲུང་སྐྱོབ་མིང་གཞུང་གི་མ་ལག་གཞི་གྲངས་མཛོད་ཅིག་གཞི་རྩའི་ཆ་ནས་ཆགས་ཡོད།

    དྲིལ་བསྒྲགས་ཤུགས་ཆེན་བྱས། གྲུབ་འབྲས་སྲ་བརྟན་དུ་བཏང་།

    2006ལོ་ནས་བཟུང་། ལོ་ལྟར་གྱི“རིག་གནས་ཤུལ་བཞག་ཉིན་མོར”གཞིས་རྩེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གཙོ་གནད་དྲིལ་བསྒྲགས་བྱེད་ཅིང་། མངོན་མིན་རིག་གནས་ཤུལ་བཞག་གི་པར་རིས་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་ཤོག་ལྷེ། རིགས་ཁག་གི་སྨྱན་སྦྱོར་ཚན་པས་མངོན་མིན་རིག་གནས་ཤུལ་བཞག་གི་གནས་ཚུལ་གཅིག་སྡུད་ཐོག་སྤེལ་གཏོང་བྱེད་པ་སོགས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་མི་སེར་དཀྱུས་མའི་འཚོ་བའི་ཁྲོད་རིམ་བཞིན་སྐྱོད་ཐུབ་པ་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་ལའང་ཉིན་རེ་བཞིན་མཐོང་ཆེ་རུ་ཕྱིན་ཡོད།

    ངམ་རིང་རྫོང་རིག་གནས་རླུང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཞུས་ཕེ་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཆེད། ངམ་རིང་རྫོང་གིས་པར་རིས་དང་ཡིག་རིགས་འགྲེམས་སྟོན་དང་། རིག་གནས་བར་ཁྱམས་སོགས་ཀྱི་བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག མངོན་མིན་རིག་གནས་ཤུལ་བཞག་ཁྲོད་ཀྱི་དམངས་གཞས་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་རིག་གནས། དམངས་སྲོལ་འཁྲབ་སྟོན་སོགས་བསྐྱར་དུ་རྩོམ་སྒྲིག་དང་ལེགས་སྒྲིག་བྱས་ཏེ། རིག་གནས་གཤམ་སྤེལ་དང་ཐང་ཆེན་ཞབས་བྲོ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།

    2013ལོར། ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་འགོ་ཚུགས་ལ་ཉེ་བའི་སྐབས་སུ། གཞིས་རྩེ་གྲོང་ཁྱེར་གྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དེ་གྲོང་ཁྱེར་རྫོང་རིའི་རྟེན་རྫས་བཤམས་མཛོད་ཁང་དུ་གཟབ་རྒྱས་ངང་གཉེར་ཤིང་། ཐང་ག་འབྲི་རྒྱུར་དགའ་པོ་བྱེད་མཁན་25ཡིས་ཐང་གའི་བརྩམས་ཆོས118མཁོ་འདོན་བྱས་ནས་ཐང་གའི་རི་མོའི་ཉམས་འགྱུར་མི་འདྲ་བ་སྣ་ཚོགས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པའི་ཁར། ལོ་རྒྱུས་ཡུན་རིང་ལྡན་པའི་གཞིས་རྩེའི་ཐང་གའི་རིག་གནས་ཀྱང་མངོན་པར་བྱས་ཡོད།

    ད་ཆ། མངོན་མིན་རིག་གནས་ཤུལ་བཞག་ལ་དོ་ཁུར་དང་དགའ་ཞེན་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལྷ་རྩེ་རྫོང་རིག་གནས་རླུང་འཕྲིན་ཅུས་ཀྱི་ཅུས་ཀྲང་དོན་གཡང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཆེད། ཉེ་བའི་ལོ་ཤས་རིང་སྲིད་གཞུང་གིས་སྟོད་གཞས་ཀྱིས་མཚོན་བྱེད་དུ་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དང་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱ་རྒྱུའི་སྐུལ་ལྕག་བྱས་པས། དེ་ལྷ་རྩེ་བའི་འཚོ་བའི་ཆ་ཤས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།