དབུ་ཤོག
  • ཟ་འཕྲུག་ལངས་དུས་གཟུགས་པོ་འཁྲུད་དྲགས་རྒྱུ་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-19

    གཟུགས་པོར་ཟ་འཕྲུག་ལངས་དུས་གཟུགས་པོ་འཁྲུ་མང་དྲགས་རྒྱུ་མེད་དེ་གནམ་གཤིས་ཀྱི་རྒྱུ་རྐྱེན་ཕུད་འཚོ་བའི་གོམས་གཤིས་ངན་པ་འགའ་རེ་ནི་པགས་ནད་ན་བའི་རྒྱུ་རྐྱེན་གཙོ་བོ་ཡིན།ཁ་ཚ་བའི་ཟས་རིགས་ལ་དགའ་དྲགས་པ་དང་གཉིད་ཉལ་བའི་དུས་ཚོད་ཉུང་བ།ཆུ་ཚ་པོས་གཟུགས་པོ་སྤངས་རྒྱུར་དགའ་བ་བཅས་གོམས་གཤིས་དེ་དག་གིས་པགས་པའི་གཉན་ཚད་ཀྱི་ནད་སོགས་ན་གི་ཡོད།ལུས་གཟུགས་རྒྱགས་པ་ཡིན་པའི་བུད་མེད་འགའ་རེས་གྱོ ན་གོས་དམ་པོ་ལ་དགའ་པོ་བྱས་ན་རང་གི་ལུས་ལ་གནོན་ཤུགས་ཆེན་པོ་བྱུང་ཐོག་རླུང་འགྲོ་མི་ཐུབ་པར་ལྤགས་པ་དམར་པོར་འགྱུར་བ་དང་།ཆུ་ལྦུར་ཐོན་པ།ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རིགས་ཐོན་གྱི་ཡོད། དགུན་དུས་འཚོ་བའི་གོམས་གཤིས་ཡག་པོ་ཆགས་པ་བྱེད་དགོས་ཏེ།གཟུགས་པོ་དུས་ཚོད་ཐུང་ཐུང་ནང་ཡང་ཡང་མི་འཁྲུད་བ་དང་སྤྱིར་བཏང་ཐོག་ཉིན་5ནས་7བར་ལ་ཐེངས་གཅིག་བཀྲུས་ན་འགྲིག གཟུགས་པོ་འཁྲུད་བའི་ཆུའི་དྲོད་ཚད་ནི་ཏུའུ་30གཡས་གཡོན་བྱས་ན་འགྲིག་པ་དང་དག་རྫས་ཡི་ཙི་དང་གཤེར་ལྡན་དག་རྫས་སོགས་མང་པོ་བེད་སྤྱོད་བྱ་རྒྱུ་མེད་དེ།ལྷག་པར་དུ་གནམ་གཤིས་སྐམ་ཤས་ཆེ་བའི་སྐབས་སུ་རང་བྱུང་དང་བརླན་གཤེར་སྲུང་ཐུབ་པའི་དག་རྫས་རིགས་བེད་སྤྱོད་གཏོང་བ།སྲིང་བལ་རང་གིས་བཟོས་པའི་ནང་འཇམ་གྱོ ན་པ།ལུས་ཤ་རྒྱགས་པ་རྣམས་ཀྱིས་གྱོན་གོས་དམ་པའི་གྱོན་ཆས་གྱོན་མི་ཉན་བ།ངལ་གསོ་ཡག་པོ་རྒྱག་པ།དགོང་མོ་གཉིད་འདང་ངེས་དགོས་པ།གལ་ཏེ་པགས་པའི་ནད་རིགས་སོགས་ཐོན་ཚེ་འཕྲལ་མར་སྨན་ཁང་ལ་ཕྱིན་ནས་སྔ་ཙམ་བཅོས་ཐབས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།