དབུ་ཤོག>གསར་འགྱུར།
  • རང་གྲོན་ཡིན་རུང་ཏང་ཡོན་གྱིས་བག་མེད་ལོངས་སྤྱོད་བྱེད་མི་རུང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-11-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཏང་ཡོན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཡོང་འབབ་བཏང་ནས་རླངས་འཁོར་གོང་ཆེན་དང་ཆུ་ཚོད་གྲགས་ཅན་སོགས་ཉོས་ཚེ་ཏང་ཁྲིམས་ཀྱི་ཆད་པ་ཕོག་སྲིད་དམ། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཅུན་གྱིས་ཚེས་18ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་མི་དེ་དག་གི་བྱེད་སྤྱོད་ནི་ས་གནས་དེ་གའི་རྒྱུན་གཏན་འཚོ་བའི་འཛད་སྤྱོད་ཆུ་ཚད་ལས་བརྒལ་ཡོད་ལ། མང་ཚོགས་སེམས་ནང་ཏང་ཡོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་ལག་བསྟར་བྱེད་མཁན་ཡིན་པའི་གཟུགས་བརྙན་བཟང་པོར་ཡང་བརྫད་ཀྱི་ཡོད། རྒྱས་སྤྲོས་ལོངས་སྤྱོད་བྱེད་མཁན་ཏང་ཡོན་དེ་དག་ལ་ཏང་རྩ་འཛུགས་ཀྱིས་དོ་དམ་དང་ཐེ་གཏོགས་བྱ་རྒྱུ་ལོས་ཡིན་ཞེས་བཤད།

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་བརྒྱ་དང་ཉེར་དྲུག་ནང་བག་མེད་ལོངས་སྤྱོད་དང་། ལོངས་སྤྱོད་ལ་ཞེན་ཆགས་པ། ཐ་ཤལ་ལ་ཞེན་ཆགས་པ་བཅས་བྱས་ནས་ཤུགས་རྐྱེན་ངན་པ་བཟོ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་རྒྱུའི་ཆད་པ་གཅོད་རྒྱུ་དང་།  གནས་ཚུལ་ཚབས་ལྕི་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་རྒྱུའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།

    ཀྲང་ཅུན་གྱིས“བག་མེད་ལོངས་སྤྱོད་ཀྱི་འཚོ་བ་དང་ལོངས་སྤྱོད་ལ་ཞེན་ཆགས་པ”ཟེར་བ་ནི་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་གི་བླང་བྱ“དཀའ་སྡུག་སྔོན་ལ་མྱོང་བ་དང་ལོངས་སྤྱོད་རྗེས་སུ་བྱེད་པའི”འོས་འགན་དང《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞིའི》“གྲོན་ཆུང་གོང་བཀུར་དང་རྒྱས་སྤྲོས་གཏན་སྤོང”གི་བླང་བྱ་ལས་འགལ་ནས་རྒྱུན་གཏན་འཚོ་བའི་ཁྲོད་རྒྱས་གཤོམ་བྱེད་པ་དང་། འབྱོར་བ་བསྡུར་བ། དངུལ་ཕངས་སེམས་མེད་པར་གཏོང་བ་བཅས་རྒྱ་ཆེའི་མང་ཚོགས་ཚོས་སྐྱོན་བརྗོད་བྱེད་པའི་འབྱོར་ཆེན་པའི་ཉམས་ཐོན་པ་ལ་ཟེར། མི་དེ་དག་གི་བྱེད་སྤྱོད་ས་གནས་དེ་གའི་རྒྱུན་གཏན་གྱི་འཛད་སྤྱོད་ཆུ་ཚད་ལས་བརྒལ་ཡོད་ཅེས་བཤད།

    ཀྲང་ཅུན་གྱིས་གོང་དུ་བརྗོད་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ནི་རང་ཉིད་ཀྱིས་དངུལ་བཏང་ནས་ཚད་གཞི་མཐོ་བའི་འཛད་སྤྱོད་དམ་ཡང་ན་བག་མེད་ལོངས་སྤྱོད་བྱེད་པར་ཟེར། ཏང་གི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་འོག་གཞུང་དྲང་ངལ་རྩོལ་ལ་བརྟེན་ནས་སྔོན་ལ་ཕྱུག་པོ་ཆགས་པའི་ཏང་ཡོན་དང་ལས་བྱེད་པས་འཚོ་བ་ལེགས་ཙམ་སྐྱེལ་བར་མང་ཚོགས་ཚོས་རྦད་དེ་བསམ་ཤེས་བྱེད་སྲིད། འོན་ཀྱང་བག་མེད་ལོངས་སྤྱོད་བྱས་ཚེ་མང་ཚོགས་ཁྲོད་དང་སྤྱི་ཚོགས་ལ་གདེང་འཇོག་གི་ཚད་གཞི་ཞིག་ཡོད་པས་མི་དེ་དག་གི་བྱེད་སྟངས་ནི་གུང་ཁྲན་ཏང་ཡོན་ཞིག་དང་མི་འདྲ་བའི་ངོས་འཛིན་བྱེད་སྲིད། རྒྱས་སྤྲོས་ལོངས་སྤྱོད་བྱེད་མཁན་ཏང་ཡོན་དེ་དག་ལ་ཏང་རྩ་འཛུགས་ཀྱིས་དོ་དམ་དང་ཐེ་གཏོགས་བྱ་རྒྱུ་ལོས་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།