དབུ་ཤོག
  • དགུན་དུས་བཟའ་བཏུང་ཐོག་ནས་ངོ་མདངས་གསོ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-18

    དགུན་དུས་ཆུ་མང་ཙམ་འཐུང་རྒྱུ་ནི་ངོ་གདོང་འཇམ་ལ་མཉེན་པོ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།ཆུ་ཉིན་རེར་ཧྲེང་གཉིས་ཙམ་འཐུང་དགོས་པ་དང་རྒྱུན་གཏན་བཟའ་འཐུང་ཐད་ལ་ངེས་པར་དུ་སྔོ་ཚལ་རིགས་མང་ཙམ་བཟའ་བ་དང་འོ་མ་སོས་པ་འཐུང་བ།སྒོ་ང་བཟའ་བ།རྩི་ཤིང་གི་སྣུམ་བེད་སྤྱོད་བྱེད་པ་སོགས་ཡིན།ཟས་རིགས་དེ་དག་ལ་པགས་པ་གསོ་བའི་བདེ་སྲུང་གི་རྒྱུ་མང་པོ་ཡོད།ངོ་མདངས་ཡག་པོ་ཡོང་བར་ད་དུང་གཏེར་རྒྱུའི་རིགས་འགའ་ཡོད་དེ་དཔེར་ན་འཚོ་བཅུད་མའེ་དང་འཚོ་བཅུད་ཅཱ་སོགས་ཡིན།འཚོ་བཅུད་དེ་རིགས་ཀྱིས་ངལ་དུབ་སེལ་བ་དང་།ཟས་འཇུ་བདེ་བ།ཁྲག་འཁོར་རྒྱུག་བཟང་བ་བཅས་ཀྱི་དགེ་མཚན་ལྡན་པས་ངོ་མདངས་གསོ་རྒྱུར་ཕན་པ་ཆེ་ལ་སྐྲ་གསོ་བར་ཡང་ཕན་པ་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།