དབུ་ཤོག>གསར་འགྱུར།
  • ཐམས་ཅད་མང་ཚོགས་དབུལ་པོའི་ཆེད་དུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-18

    མལ་གྲོ་གུང་དཀར་རྫོང་གིས་ཤང(གྲོང་རྡལ)ཁག་གི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་ཟུང་འབྲེལ་སྒོས་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་འཆར་འགོད་ནན་ཏན་དང་། རོགས་སྐྱོར་ཐོན་ཁུངས་གཅིག་གྱུར་བཀོད་སྒྲིག ཁྲོམ་ར་དང་། གཞི་ཁྱོན། ཕན་འབྲས་བཅས་ངེས་ཅན་ལྡན་པའི་ཡུལ་སྐོར་ལས་རིགས་དང་མི་རིགས་ལག་ཤེས་བཟོ་ལས་གཙོ་ཁྲིད་ཐོན་ལས་སུ་བདམས་པ་དང་ཆབས་ཅིག ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཅིག་སྡུད་ཡུག་འབྲེལ་གྱིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    དབུལ་པོའི་རྒྱུ་རྐྱེན་བཙལ།བྱ་ཐབས་འོས་འཚམ་སྤྱད།

    གནད་སྨིན་དབུལ་སྐྱོར་བྱེད་པར་ཐོག་མར་དབུལ་ཕོངས་མི་གྲངས་དང་དེ་དག་གི་ཡོང་འབབ་གནས་ཚུལ་གསལ་པོར་ཤེས་དགོས། དེས་ན། ཡིག་ཚགས་དང་གཱ་བཟོ་རྒྱུ་དེ་རྫོང་དེའི་དབུལ་སྐྱོར་ལས་དོན་གྱི“འདུ་འགོད་ཨང་དང་པོར”བཞག་ཅིང། འདི་ལོར་མལ་གྲོ་གུང་དཀར་རྫོང་གིས་ཡིག་ཚགས་དང་གཱ་བཟོ་བའི་གྲངས་གཞིར་བདེན་མིན་ཞིབ་དཔྱད་དང་། བཟོ་བཅོས། འཐུས་ཚང་དུ་གཏོང་བ་བཅས་བྱས་པ་རེད།

    ཤང(གྲོང་རྡལ)ཁག་གི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། འདེབས་འཛུགས་ལས་རིགས་ལ། གུང་དཀར་གྲོང་རྡལ་དང་། བཀྲ་ཤིས་སྒང་ཤང་། ཐང་སྐྱ་ཤང་སོགས་སུ་ནས་ནག་འདེབས་འཛུགས་རྟེན་གཞི་དང་། སྨན་རྩྭ་འདེབས་འཛུགས་རྟེན་གཞི། སྡོང་ཕྲུག་རྟེན་གཞི། སྒྲིག་བཀོད་ཞིང་ལས་བཅས་གཙོ་གནད་ཐོག་འཛུགས་སྐྲུན་བྱས་པ་དང་། ཡུལ་སྐོར་ལས་རིགས་ལ། རྒྱ་མ་ཤང་དང་རྨམ་པ་ཤང་སོགས་སུ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་རྒྱལ་ལམ་318རྒྱུད་ཀྱི་ཡུལ་སྐོར་ལམ་དང་། བཀའ་ཚལ་ནས་འབྲི་གུང་བར་གྱི་བོད་བརྒྱུད་ནང་བསྟན་རིག་གནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཉིས་བཏོད་ཡོད་པ་རེད།

    གཞན་བརྟེན་ནས་རང་བརྟེན་དུ་བསྒྱུར་ནས་ཐོན་ལས་དབུལ་སྐྱོར་བྱེད་རྒྱུ་ནི་གནད་སྨིན་དབུལ་སྐྱོར་གྱི་འགག་རྩ་རེད། དེར་བརྟེན། མལ་གྲོ་གུང་དཀར་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིན་ཝུན་ཆོན་གྱིས་གནད་སྨིན་དབུལ་སྐྱོར་བྱེད་པའི་གཙོ་གནད་ནི་ཡུལ་བབ་དང་བསྟུན་ནས་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ་དམངས་ཕྱུག་ཐོན་ལས་ཀྱི་གཞི་རྟེན་དང་ལམ་བུ་ཡང་དག་ངང་འདེམས་རྒྱུ་དེ་ཡིན་ཞེས་བཤད་པ་རེད།

    སྲིད་ཇུས་ལག་ལེན་བསྟར།དབུལ་སྐྱོར་གནད་སྨིན་བྱས།

    མལ་གྲོ་གུང་དཀར་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་དབུལ་པོའི་གྲོང་ཚོའི་རོགས་རེས་མ་དངུལ་རྣམ་གྲངས་ཚོད་ལྟ་བྱ་ཡུལ་གྱི་རྫོང་ཡིན་ཞིང་། 2009ལོར་ཚོད་ལྟ་བྱས་པ་ནས་བཟུང་། སྒྲིག་འཛུགས་སྐུལ་སློང་དང་། སྒྲིག་གཞི་འཛུགས་པ། སྒྲིག་ཡིག་བཟོ་བ། ཚོད་ལྟ་བྱེད་པ། དངོས་སུ་ལག་བསྟར་སོགས་ཀྱི་དུས་མཚམས་བརྒྱུད། རོགས་རེས་མ་དངུལ་ཚོད་ལྟའི་ལས་དོན་འཕེལ་རིམ་བདེ་བླག་བྱུང་ནས་གྲུབ་འབྲས་རགས་ཙམ་ཐོབ་པ་དང་། མིག་སྔའི་བར་མལ་གྲོ་གུང་དཀར་རྫོང་གི་རོགས་རེས་མ་དངུལ་གཏོང་བའི་རྣམ་གྲངས་དེ་ཤང(གྲོང་རྡལ)6གི་སྲིད་འཛིན་གྲོང་ཚོ་9ལ་ཁྱབ་ཅིང་། རོགས་རེས་མ་དངུལ་གཏོང་བའི་རྣམ་གྲངས་ཀྱི་མ་དངུལ་བསྡོམས་འབོར་སྒོར་ཁྲི་291.1ཟིན་ཡོད་པ་རེད། ད་ཆ་མཉམ་ལས་ཁང་དེར་ཞིང་དུད་610 ཞུགས་ཡོད་པའི་ནང་གི་228དབུལ་པོའི་དུད་ཚང་ཡིན་ལ་དེ་དག་གིས་མཉམ་ལས་ཁང་དུ་ཞུགས་མཁན་དུད་ཚང་བསྡོམས་འབོར་གྱི་37%ཟིན་ཡོད་པ་རེད། རོགས་རེས་མ་དངུལ་བཏང་ཚུན་ཚོགས་མི་དུད་ཚང་550ཡིས་དངུལ་བུན་ལེན་རྒྱུའི་རེ་ཞུ་བྱས་པ་ཚང་མ་རང་ངོས་འཕེལ་རྒྱས་གཏོང་བར་སྤྱད་ཡོད་པ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་དངུལ་བུན་གཏོང་ཚད་སྒོར་ཁྲི་545དང་། དངུལ་བུན་འཇལ་ཚད་སྒོར་ཁྲི་545 མ་དངུལ་སྤྱོད་ཚད་100% དུས་ཟིན་བུན་འཇལ་ཚད་100%བཅས་ཟིན་ཞིང་། རོགས་རེས་མ་དངུལ་གཏོང་བར་བརྟེན་ནས་མཉམ་ལས་ཁང་གི་ཚོགས་མི་དུད་ཚང་610ལ་ཆ་སྙོམས་ཡོང་འབབ་སྒོར་600ལྷག་ཙམ་འཕར་ཡོད་པ་རེད།

    ཇུས་འགོད་ལུགས་མཐུན་བྱས།དམངས་འཚོ་དོན་དུ་གཉེར།

    མལ་གྲོ་གུང་དཀར་རྫོང་གིས་དངོས་ཡོད་དང་ཟུང་འབྲེལ་གྱིས་བརྟག་ཞིབ་གང་ལེགས་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག《2013ནས་2020ལོའི་བར་གྱི་ཐོན་ལས་དབུལ་སྐྱོར་འཆར་འགོད》བཟོས་ནས་ཁྱོན་ཐོན་ལས་རོགས་སྐྱོར་རྣམ་གྲངས་21ཇུས་འགོད་བྱས་ཤིང་། མ་འཇོག་སྡོམ་འབོར་སྒོར་ཁྲི་48196.9(དེ་དག་ལས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་11333.03དང་། ཞིང་འབྲོག་མ་དངུལ་སྒོར་ཁྲི་23515 ཡུལ་སྐོར་མ་དངུལ་སྒོར་ཁྲི་11850 རང་གསོག་མ་དངུལ་ལམ་ངལ་རྩོལ་ལ་བཏང་བའི་མ་དངུལ་སྒོར་ཁྲི་1498.87)ཟིན་པ་དེ་དག་རྫོང་དེའི་དབུལ་པོའི་མང་ཚོགས་ཚང་མར་ཁྱབ་ཡོད། རྣམ་གྲངས་བསྐྲུན་རྗེས། སྔོན་རྩིས་བརྒྱབ་ན་ཡོང་འབབ་མི་རེར་ལོ་རེར་སྒོར་4000རེ་འཕར་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག“དམངས་འཚོ་ཆེན་པོ་གསུམ”གྱི་འདུ་འགོད་ལག་བསྟར་བྱས་ཤིང་། ཐེམ་ཁོངས་མལ་གྲོ་གུང་དཀར་ནས་ཡིན་པའི་ཞིང་འབྲོག་མང་ཚོགས་གཞུང་བཙུགས་སྨན་ཁང་དུ་བསྡད་ན་རང་གིས་གཏོང་དགོས་པའི་སྨན་བཅོས་ཀྱི་གྲོན་དངུལ་100%རྩིས་ཞུ་བྱེད་པ་དང་། ཐེམ་ཁུངས་མལ་གྲོ་གུང་དཀར་ནས་ཡིན་པའི་ཞིང་འབྲོག་ཁུལ་གྱི་སློབ་ཆེན་སློབ་མའི་མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་ཡོན་ཚང་མ་རྩིས་ཞུ་བྱེད་པ་མ་ཟད། ད་དུང་ཟླ་བ་རེར་འཚོ་བའི་ཁ་གསབ་སྒོར་200རེ་སྤྲད་དེ་ནད་གཞི་ཕོག་པས་ཡང་བསྐྱར་དབུལ་པོ་ཆགས་པ་དང་བྱིས་པ་སློབ་གྲྭར་བསྐྱལ་བས་ཡང་བསྐྱར་དབུལ་པོ་ཆགས་པ་སྔོན་འགོག་ནུས་ལྡན་བྱས་ནས་རྫོང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མ་དབུལ་བྲལ་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་བསྡུའི་ལོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོར་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།