ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་གི་བདེ་སྐྱིད་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རམ་འདེགས་འོག་དང་བླངས་པ་སྒྲིག་འཛུགས་ཀྱིས་མི་ཚོགས་འདུ་སའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་བསྐྱོད་ནས་ལྷ་སའི་གྲོང་མི་ཚོར་དང་བླངས་ཞབས་འདེགས་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དང་བླངས་པ་ཚོའི་རོགས་སྐྱོར་བྱ་ཡུལ་གཙོ་བོ་ནི་བགྲེས་སོང་དང་། སྦྲུམ་མ། དབང་པོ་སྐྱོན་ཅན་སོགས་གཉོད་ཆུང་ཚོགས་སྤྱི་ཡིན། གཞན་ཡང་དང་བླངས་པ་ཚོས་ད་དུང་མི་ རྣམས་ལ་ངལ་གསོ་རྒྱག་སའི“གཅེས་སེམས་རྐུབ་སྟེགས”གྲ་སྒྲིག་བྱས་པ་དང་ཆབས་ཅིག་ཐོ་བ་དང་། ཕྱགས་མ། ཐབ་ཕྱིས་སོགས་ཁྱེར་ནས་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ལ་གད་བརྒྱབ་པ་དང་དེ་གའི་བརྡ་ཁྱབ་ཆུང་ངུ་སོགས་གཙང་སེལ་བྱས་པ་རེད། བདེ་སྐྱིད་སྡེ་ཁུལ་གྱི་ལས་དོན་པས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་བྱེད་སྒོ་སྤེལ་བ་དེ་ཐོག་ནས་ལས་དོན་རུ་ཁག་དང་གྲོང་མི་ཨུ་ལྷན་གྱི་ཁོངས་མིའི་བསམ་པའི་ཉམས་འགྱུར་དང་གཤིས་རྒྱུད་ཕུལ་བྱུང་མཚོན་པ་མ་ཟད། ཞི་མཐུན་སྤྱི་ཚོཌ་གཏོད་པ་དང་། སྤྱི་ཚོཌ་ཀྱི་གོམས་སྲོལ་ལེགས་སུ་གཏོང་བར་ནུས་པ་བཏོན་ཡོད་པ་རེད།