དབུ་ཤོག
  • གཟུགས་པོའི་གནས་ཚུལ་ལ་བལྟས་ནས་བཟའ་བཅའ་ལུགས་མཐུན་ཁ་གསབ་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-18

    ངལ་དུབ་ཀྱིས་མནར་ནས་གཟུགས་པོ་ཐང་ཆད་སྐབས་བ་དམ་དང་ཁམ་བུ་སྐམ་པོ། ཁུམ་བུའི་ནང་སྙིང་སོགས་མུར་མུར་བྱས་ན་གཟུགས་པོའི་ཤུགས་སླར་གསོ་ཐུབ་པར་ཕན་པ་ཆེན་པོ་ཡོད། ཤིང་འབྲས་དེ་དག་ནང་སྤྲི་དཀར་ལྕགས་རྒྱུ་འདུས་ཚད་མཐོ་པོ་ཡོད།

    མིག་ལ་ངལ་དུབ་ཆེན་པོ་བྱུང་སྐབས་ཉ་མན་ལི་བཟས་ན་ཉ་དེར་མིའི་ལུས་ལ་མཁོ་ཆེ་བའི་འཚོ་རྒྱུ་ཀ་པ་ཕུན་སུམ་ཚོགས་པོ་འདུས་ཡོད་པ་དང་། དེ་བཞིན་མཚོ་ཚལ་ཧའེ་ཏའེ་དང་ཕག་པའི་མཆིན་པ། བྱ་དེའི་མཆིན་པ་སོགས་བཟས་ན་འཚོ་རྒྱུ་ང་པ་ཕུན་སུམ་ཚོགས་པས་མིག་གི་ངལ་བ་སེལ་ཐུབ་ཀྱི་ཡོད།

    སེམས་ཁམས་ལ་གནོན་ཤུགས་ཆེན་པོ་འཕྲད་སྐབས་གཟུགས་པོའི་འཚོ་རྒྱུ་ག་པ་ཟད་ཚད་རྒྱུན་གཏན་ལས་ལྡབ་བརྒྱད་ཀྱིས་མང་བ་ཡོད་པས་འཚོ་རྒྱུ་ག་པ་འདུས་ཆེ་བའི་ཚལ་ཀོ་པི་དང་ཀན་ལན་ཚལ། པོ་ཚལ་སོགས་ཤ་མེད་དུ་བརྔོས་ནས་བཟས་ན་སེམས་ཀྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་ཐུབ་པ་དང་། དེ་བཞིན་ཏིལ་འབྲུ་དང་ཤིང་འབྲས་རིགས་གང་མང་ཟ་དགོས།

    ཆང་རག་འཐུང་སྐབས་ཉ་ཤ་དང་སྒོ་ང་། སྲན་ཞོ། ཕྱུར་བ་སོགས་སྤྲི་དཀར་འདུས་ཆེ་བའི་ཟས་རིགས་བཟས་ན་ཆང་རག་གིས་བཟི་བ་སྔོན་འགོག་ཐུབ་པ་མ་ཟད། འཚོ་བཅུད་ཁ་གསབ་བྱེད་པའི་ནུས་པ་ཐོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།