དབུ་ཤོག>གསར་འགྱུར།
  • མར་དང་ལུག་ཤ་ཚགས་ཤ་དེར་ཉོས་ན་གོང་ཁེ་པོ་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-17

    ཟླ་11ཚེས་14ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམངས་ཕན་གཞུང་བཅད་རིན་གོང་ལུག་ཤ་ཚགས་ཤ་ཐད་ཚོང་རླངས་འཁོར་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    མིག་སྔར་ལྷ་ས་གྲོང་ཁུལ་དུ་ཐད་ཚོང་ས་ཚིགས་ལྔ་ཡོད་པ་དེ་དག་ཁྲེང་ཀོན་ཆུས་སྲིད་གཞུང་གི་སྒོ་རྩ་དང་། བར་སྐོར་ཁྲོམ་རའི་སྒོ་རྩ། དབྱི་སི་ལན་གྱི་ཕྱག་ཁང་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་ཉེ་འགྲམ། ཀླུ་སྒུག་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་ཉེ་འགྲམ། ཁྱིམ་མཛེས་གླིང་ཁུལ་ཆུང་གི་དམངས་ཕན་གཞུང་བཅད་རིན་གོང་ཚགས་ཤ་ལུག་ཤ་ཐད་ཚོང་ས་ཚིགས་བཅས་ཡིན་པ་རེད།

    ཚེས་15ཉིན་བར་སྐོར་ཁྲོམ་རའི་སྒོ་རྩར་ཡོད་པའི་དམངས་ཕན་གཞུང་བཅད་རིན་གོང་ལུག་ཤ་ཚགས་ཤ་ཐད་འཚོང་རླངས་འཁོར་ནང་ཚགས་ཤ་ལུག་ཤ་དང་མར་སྤུངས་པ་མ་ཟད། རིན་གོང་ཁེ་པོ་ཡོད་པས་གྲོང་མི་མི་ཉུང་བས་འདེམས་ཉོ་བྱེད་བཞིན་ཡོད་པ་གསར་འགོད་པ་མཐོང་བྱུང་།   

    ནང་མི་དང་མཉམ་དུ་ཚགས་ཤ་ལུག་ཤ་འདེམས་ཉོ་བྱེད་བཞིན་ཡོད་པའི་གྲོང་མི་བཀྲ་ཤིས་ཀྱིས་དམངས་ཕན་ཐད་ཚོང་རླངས་འཁོར་ནས་ཕྱིར་ཚོང་བྱེད་པའི་ཚགས་ཤ་ལུག་ཤ་དང་མར་གྱི་རིན་གོང་ནི་ཕྱིར་ཚོང་ས་ཚིགས་མང་པོ་དང་བསྡུར་ན་གོང་ཁེ་བ་མ་ཟད་སྤུས་ཀའང་ལེགས་པོ་འདུག“ལུག་ཤ་རྒྱ་མ་གཅིག་ལ་སྒོར་20ཡིན་པ་དང་།གཞན་ནས་ཉོས་ན་མ་མཐར་ཡང་སྒོར་28ནས་30རེད། ཚགས་ཤ་ཤ་རྐྱང་ལ་སྒོར་29རེད་ལ། དེ་སྔོན་ང་ཚོས་སྒོར་30ཙམ་བྱས་ནས་ཉོས་པ་ཡིན། ཁྲོམ་རར་ཕྱིར་ཚོང་བྱེད་པའི་ཚགས་ཤ་ལུག་ཤ་དང་བསྡུར་ན་དངོས་གནས་གོང་ཁེ་པོ་འདུག”ཅེས་བཤད།  

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།