དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས“བྱ་ཐབས་ཆེ་ཁག་གསུམ”གྱི་ཐོག་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-17

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང“ལོ་ལྔ་ཚན་བཅུ་གཉིས་པའི”དབུལ་སྐྱོར་ལས་དོན་གྱི་ལས་འགན་དང་ཟུང་འབྲེལ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་དེ་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་བསམ་ཕྱོགས་གསར་གཏོད་དང་བྱ་ཐབས་དོན་འཁྱོལ་བྱས་པས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཐུབ་པ་རེད།

    ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ལ་སྐུལ་མ་ཤུགས་ཆེན་གཏོང་བ། 2014ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ལས་བགོས་དོ་དམ་གྱི་གྲོང་སྤྱི་གཞོན་པས་ཙུའུ་ཀྲང་བྱེད་པའི་དུད་ཚང་དབུལ་པོའི་ཡིག་ཚགས་དང་གཱ་བཟོ་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་དོན་ཁག་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་རྒྱུའི་འགན་ལེན་བྱས་ཡོད་པ་རེད། 2014ལོའི་ཟླ་བ་བཅུ་པར་གྲོང་ཁྱེར་ཡོངས་ཀྱི་དུད་ཚང་དབུལ་པོའི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ཚང་མ་ལེགས་གྲུབ་བྱུང་ནས་དུད་ཚང་ཚང་མར་གཱ་ཡོད་པ་དང་། གྲོང་ཚོར་རེའུ་མིག་དེབ་ཡོད་པ། ཤང་ཚང་མར་རྩིས་ཐོ་ཡོད་པ། རྫོང་ཚང་མར་ཡིག་ཚགས་ཡོད་པ། གྲོང་ཁྱེར་ལ་སྟེགས་བུ་ཡོད་པ། རང་སྐྱོང་ལྗོངས་ལ་གཞི་གྲངས་མཛོད་ཡོད་པ་བཅས་བྱུང་བ་རེད།

    དབུལ་སྐྱོར་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱེད་པ། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“མ་དངུལ་གནས་འབྱོར་དང་། ལས་འགན་གནས་འབྱོར། དབང་ཆ་གནས་འབྱོར། འགན་འཁྲི་གནས་འབྱོར”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྔ་ས་ནས་བཀོད་སྒྲིག་དང་། སྔ་ས་ནས་ཞིབ་བཤེར་མཆན་འགོད། སྔ་ས་ནས་ལག་བསྟར་བཅས་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་བཏང་བས་ས་ཁུལ་དབུལ་པོའི་གཙོ་གནད་དང་། དཀའ་གནད་གླེང་མང་བའི་གནད་དོན་ཐག་གཅོད་བྱས་པ་རེད།

    དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། “ཞིང་འབྲོག་པའི་ཡོང་འབབ་འཕར་བ”དེ་ལྟེ་བར་བྱས་ནས་དབུལ་སྐྱོར་སྐྱེད་ཚབ་དངུལ་བུན་གཏོང་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།