གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་16ཉིན་ནས་ཟླ་11ཚེས་22ཉིན་བར)
གཟའ་ཟླ་བ་ནས་ལྷག་པ་བར་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ(ཆར་པ)འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་ལྷག་པ་ནས་བཟུང་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་ཀྱི་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིའི་ནང་དྲོད་ཚད་ཆག་རྒྱུ་ཡིན་པས་གྲང་འགོག་དྲོད་སྲུང་བྱ་རྒྱུར་དོ་སྣང་བྱེད་དགོས།
2.གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མངོན་གསལ་དོད་པ་དང་ཆར་ཆུ་འབབ་ཉུང་བས་གནམ་གཤིས་ཀྱི་མེ་ཟོན་རིམ་པ་མཐོ་ཙམ་ཡོད་སྟབས་ནགས་ཚལ་དང་རྩྭ་རར་མེ་ཟོན་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་ནང་མེ་སྤྱོད་སྐབས་བདེ་འཇགས་ཐད་ཡིད་གཟབ་བྱེད་དགོས།